R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༨བ
[A:༡༡༨བ]རྗེ་བཙུན་ས་སྐྱ་པ་ཆེན་པོས་གསན་པའི་ཆོས་སྐོར་རྣམས་ཡིན་ལ་འདིའི་ལོ་རྒྱུས་ནི་འོག་ཏུ་རྒྱས་པར་འཆད་དོ། །དེ་ལྟར་རྗེ་ས་ཆེན་ལ་བཀའ་བབ་གསུམ་བྱོན་ཞིང་། རྗེ་བཙུན་སྐུ་མཆེད་ཀྱི་རིང་ལ་དེ་དག་གི་སྲོལ་འཛིན་པ་མ་གཏོགས་དེ་ལས་གཞན་པའི་བཀའ་བབ་གསར་པ་མ་བྱོན། དུས་ཕྱིས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་དུས་སུ་ཁ་ཆེའི་པཎྜི་ཏ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བོད་ཡུལ་དུ་བྱོན་པ་ལ་ནག་པོ་འདི་ཉིད་ཕོ་རྐྱང་དཔའ་བོ་གཅིག་ཏུ་སྒྲུབ་པ་དང་། གཙོ་བོ་མགོན་པོ་ལ་ཡུམ་མཆེ་བ་རྣམ་པར་གཙིགས་མ་དང་། མ་ར་ལི་དང་། སྒལ་ཚིགས་མ་དང་། ནག་མོ་ཆེན་མོ་སྟེ་མཁའ་འགྲོ་མ་བཞིས་བསྐོར་བའི་ལྷ་ལྔ་མ་ཞིག་དང་། དེ་རྣམས་བསྒྲུབ་ཚུལ་གྱི་གདམས་པ་གསང་སྒྲུབ་སྤུ་གྲི་སྐོར་གསུམ་དུ་གྲགས་པ་སྟེ། ཕྱི་ཕོ་ལྷ་ལྟར་བསྒྲུབས་པས་མཐུ་ཞོར་ལ་འབྱུང་བ་བསྙེན་པའི་མན་ངག བསྒྲུབ་པ་ཞུན་ཆེན་གྱི་མར་མེ་ལ་བརྟེན་ནས་གནག་པ་ཞག་བདུན་ལ་བསྒྲལ་