R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༧བ
[A:༡༡༧བ]འདི་བླ་མ་ས་སྐྱ་པ་ཆེན་པོ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མར་འདུག་ནའང་། དིང་སང་འདིའི་རྣམ་ཐར་ཤིན་ཏུ་དཀོན་པར་འདུག་པས། རྗེ་རྩེ་མོས་མཛད་པ་ལས་ཇི་ལྟར་འབྱུང་བ་ལྟར་འདིར་ཅུང་ཟད་བསྙད་པའི་རྒྱུ་མཚན་དེ་ལྟར་ཡིན་ནོ། །བཀའ་བབས་གཉིས་པ་ནི་པཎྜི་ཏ་ག་ཡ་དྷ་ར་སྟེ། བོད་སྐད་དུ་སྤྲིན་འཛིན་ནམ་ཀླུ་འཛིན་གྲགས་པ་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་ཀྱང་བྱ་བ་དེས་བོད་ཡུལ་དུ། འབྲོག་མི་ལོ་ཙཱ་བ་ཆེན་པོ་ཤཱཀྱ་ཡེ་ཤེས་ལ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་བྱོན་ནས་གནང་བའི་ནག་པོ་ཆེན་པོ་འདིའི་ཆོས་སྐོར་ལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པ་ཉིད་ནས་བརྒྱུད་པའི་ལམ་འབྲས་པའི་ལུགས་ཀྱི་གུར་རྐྱང་དཔའ་བོ་གཅིག་ཏུ་སྒྲུབ་པའི་རྗེས་གནང་ཤིན་ཏུ་ཟབ་པ། རྗེ་བཙུན་ཆེན་པོའི་གུར་རྒྱན་དུ་བཤད་པའི་བསྙེན་བསྒྲུབ་ལས་གསུམ་ཆ་ཚང་ཞིང་མདོར་བསྡུས་པ་ཞིག་དང་། སློབ་དཔོན་ཆེན་པོ་མཚོ་སྐྱེས་ནས་བརྒྱུད་པའི་གུར་མགོན་ལྷ་ལྔའམ་ལྷ་བརྒྱད་མའི་