R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༧ན
[A:༡༡༧ན]རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ཉིད་ཀྱིས་ནག་པོ་ཆེན་པོ་གུར་གྱི་མགོན་པོ་འདི་ཉིད་ཕོ་རྐྱང་དཔའ་བོ་གཅིག་ཏུ་སྒྲུབ་པའི་རྗེས་གནང་། སྒྲུབ་ཐབས་ཀུན་ལས་བཏུས་པ་ལས་འབྱུང་བ། བྲམ་ཟེ་ཆེན་པོ་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་དང་བཅས་པ་ཞུས་ནས་སྒྲོ་སྐུར་གྱི་དྲི་མས་དབེན་པར་བཞུགས་པ་ནི་བཀའ་བབ་དང་པོ་ཡིན་ཞིང་། བླ་མ་འདིས་ས་སྐྱ་པའི་རྡོ་མགོན་དུ་གྲགས་པའི་རྒྱ་གར་འཕགས་པའི་ཡུལ་གྱི་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོ་རུ་གསང་བདག་ཕྱག་ན་རྡོ་རྗེའི་ཐུགས་རྗེ་ལས་རང་བྱོན་དུ་བྱུང་བ་ལ། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་པའི་ཚེ། སྐུ་ལ་མེ་ཏོག་ཆགས་པའི་སྟེང་དུ་པཎྜི་ཏ་རྣམས་ཀྱིས་ཚོན་གསོལ་བས། ད་ལྟ་ཡང་ཚོན་གོག་པའི་ཤུལ་ལ་མེ་ཏོག་གི་འདབ་མའི་རྗེས་ལྟ་བུ་ཡོད་པའི་བྱིན་རླབས་ཀྱི་གཟི་འོད་འབར་བ་འདི་ཡང་ཇོ་སྲས་ས་སྐྱ་པ་ལ་གནང་བ་ཡིན་ནོ། །བ་རི་ལོ་ཙཱ་བ་