R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༦བ
[A:༡༡༦བ]མི་ཆེན་པོ་གཅིག་འོང་། རེ་འགའ་སེང་གེ་ཆེན་པོ་ཞིག་བྱུང་བ་བླ་མ་ལ་ཞུས་པས། འབྱུང་པོ་དཔེ་དཀར་ཁོ་བར་ཆད་བྱ་འདོད་པ་ཡིན། བར་དེར་ཇོ་བོ་མི་གཡོ་བའི་བསྒོམ་བཟླས་གྱིས་གསུངས་ནས་དེའི་རྗེས་གནང་དང་། ཆུའི་བསྲུང་བ་སྒྲུབ་ཐབས་ཡན་ལག་དང་བཅས་པ་རྫོགས་པར་གནང་སྟེ། དེ་ལྟར་མཛད་པས་བར་ཆད་ཞི་ནས་འཕགས་པ་འཇམ་དཔལ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཕྱག་ཆོས་ཀྱི་འཁོར་ལོ་བསྒྱུར་བའི་ཕྱག་རྒྱ་ཅན། རིན་པོ་ཆེའི་ཁྲི་ལ་བཟང་པོའི་འདུག་སྟངས་ཀྱིས་བཞུགས་པ། འཁོར་བྱང་ཆུབ་སེམས་དཔའ་གསེར་གྱི་མདོག་ཅན་གཉིས་དང་བཅས་པ་མངོན་སུམ་དུ་ཞལ་གཟིགས། ཐེག་པ་ཆེན་པོའི་ཆོས་ཀྱི་སྙིང་པོ་ཞེན་པ་བཞི་བྲལ་གྱི་གདམས་པ་དངོས་སུ་གསན། བློ་གྲོས་ཆེན་པོ་དང་ལྡན་པའི་མཁྱེན་པའི་སྤྱན་རས་ཀྱིས་སྐལ་བ་དང་ལྡན་པའི་གདུལ་བྱ་དཔག་ཏུ་མེད་པའི་དོན་རྒྱ་ཆེན་པོ་མཛད་པ་ཡིན་ནོ། །དེ་ལྟ་བུའི་ལོ་ཙཱ་བ་ཆེན་པོ་དེའི་དྲུང་དུ་