R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༤བ
[A:༡༡༤བ]ལྷོ་བལ་གྱི་ཕྱོགས་སུ་ལོ་དགུ་བཞུགས་ནས་བཞི་བཅུ་ཞེ་གསུམ་ལ་བོད་དུ་བྱོན་ནས། ཐོག་མར་ལུང་སྟེང་པ་དགེ་བཤེས་དཀོན་མཆོག་སྐྱབས་ཀྱིས་སྣེ་ལེན་བཟང་པོ་དང་ཡུན་རིང་བར་ཞབས་ཏོག་མཛད། གདུལ་བྱ་མང་པོ་ལ་དབང་རྒྱུད་སྒྲུབ་ཐབས་ལ་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དེ་ནས་ས་སྐྱར་བླ་མ་དཀོན་མཆོག་རྒྱལ་པོས་སྤྱན་དྲངས་ནས་ཆོས་མང་དུ་གསན། ཡུན་རིང་དུ་ཞབས་ཏོག་མཛད་ནས་མོས་གུས་ཅན་གྱི་སློབ་མ་རྣམས་ལ་ཆོས་ཀྱང་ཅི་རིགས་པ་གནང་ཞིང་། དགུང་ལོ་དྲུག་ཅུ་རེ་གསུམ་པ་བླ་མ་དཀོན་མཆོག་རྒྱལ་པོ་གཤེགས་པའི་ཤུལ་དུ། བླ་མ་ས་སྐྱ་པ་ཆེན་པོ་སྐུ་གཞོན་པས་ས་སྐྱའི་གདན་སར་བཞུགས་པར་ཞུས་ནས་གདན་ས་ལོ་བརྒྱད་མཛད། གདུལ་བྱ་རྣམས་ལ་ཆོས་ཀྱི་རྣམ་གྲངས་མང་པོ་གསུངས་ཤིང་། རྣལ་རྒྱལ་མཆོད་རྟེན་ཐུགས་དམ་དུ་བཞེངས། རྣམ་རྒྱལ་གྱི་གཟུངས་འབུམ་ཐེར་གསུམ་དང་ཁྲི་ཚོ་བདུན་བཞུགས་པའི་རྣམ་རྒྱལ་གྱི་ཚ་