R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༤ན
[A:༡༡༤ན]བོད་ནས་འོངས་པའི་མགྲོན་པོ་རྣམས་གང་ལ་བབ་པའི་གནས་པོས་ཟོང་ཕྱེད་འཁྱེར་ཞིང་། ཕྱེད་ལ་ཇི་ལྟར་རི་བ་བསྐུར། འཕྲལ་སྤྱོད་ལམ་ཅུང་ཟད་མ་ལེགས་པ་བྱུང་ནའང་རྒྱལ་པོའི་ཆད་པ་འོང་། ན་ཚ་བྱུང་ན་ཁང་པར་ན་ས་དང་འཆི་ས་མེད་སྒོར་འདོན་པ་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་དོན་དུ། ཡམ་བུ་ཡ་འགལ་གྱི་ཕྱོགས་གཅིག་གི་ཐང་ཆེན་པོ་ལ་རིན་བསམ་གྱིས་མི་ཁྱབ་པ་བཅལ་ནས་ཉོས་ཏེ་བོད་ཐང་ཞེས་བྱ་བར་མིང་བཏགས། དེར་ཁང་པ་ཆུང་ངུ་དང་། ས་ཕུག་ལ་སོགས་པ་མང་པོ་བཅོས་ནས། བོད་རྣམས་དེར་བསྡད་ཆོག་པ་བྱས་པས་སྔར་གྱི་ཉེས་པ་རྣམས་མི་འབྱུང་ཞིང་། མགྲོན་པོའི་ཟོང་གི་རང་གང་འདོད་པའི་ནོར་སྒྲུབ་ཆོག་པར་མཛད་དོ། །གཞན་ཡང་ཚད་པ་སྐྱོབ་པའི་ཆེད་དུ་ཅོ་པ་རི་ཞེས་བྱ་བ་རྩིག་པ་མེད་པའི་ཤིང་གི་ཁང་པ་ཆེན་པོ་ཡང་དག་པ་ཞིག་མཛད་ནས། འདི་ཞིག་ན་གསོས་ཤིག་གསུངས་གནས་པོ་ལ་ནོར་མང་པོའང་བཞག་སྐད། དེ་ལྟར་