R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༣བ
[A:༡༡༣བ]ལུང་། བྱིན་གྱིས་བརླབས་པའི་ལུང་། རྗེས་སུ་བཟླས་པའི་ལུང་། དམ་བཅའ་བའི་ལུང་རེ་དང་བཞི་བཞིའི་བཀའ་དང་། ལག་ལེན་རྣམས་སྤྱན་དྲངས་ནས་དར་བར་མཛད། གཞན་ཡང་བླ་མ་རྡོ་རྗེ་གདན་པས་མུ་སྟེགས་ཀྱི་གནོད་པ་བཟློག་པའི་མན་ངག ཁ་འབར་མའི་གཏོར་ཆེན། བྷ་ཡ་ནའི་མན་ངག་དྲག་པོའི་སྦྱིན་སྲེག་རྣམས་ཀྱང་གནང་། དེ་ནས་བོད་དུ་འབྱོན་ཁར་བས་མཐའ་ཞིག་ཏུ་སྐྱོ་བསངས་ལ་བྱོན་པས་ཡི་དྭགས་མང་པོ་ངུ་ཡི་འདུག་པས། ཁྱེད་རྣམས་ཅི་ལ་ངུ་གསུངས་པས། ཁྱེད་བཞུགས་ན་ངེད་རྣམས་ལ་གཏོར་མ་མང་པོ་སྦྱིན་པས་མི་བཀྲེས་པར་འདུག་པ་ལ། ཁྱེད་བོད་དུ་བྱོན་ན་གཏོར་མ་གཏོང་མཁན་མེད་པས་ངེད་རྣམས་བཀྲེས་སྐོམ་གྱིས་སྡུག་བསྔལ་བར་འགྱུར་ཟེར་ནས། དེ་དག་གི་ཆེད་དུ་འབྲས་མི་ཁུར་བཞི་བཅུ་ཉོས་ནས་ཡི་དྭགས་ཀྱི་གཏོར་མའི་རྒྱུན་ཆེན་པོ་བཙུགས་ཤིང་། དེའི་ཆས་ལ་གསེར་སྲང་དགུའི་རྟེན་བཞག་གོ །དེ་ནས་བལ་ཡུལ་དུ་ཕེབས་པ་དང་། བལ་པོ་ན་