R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༡ན
[A:༡༡༡ན] །གང་དེས་རྗེས་བཟུང་པདྨ་བཛྲ་དང་། །བྲམ་ཟེ་ཆེན་པོའི་གསུང་གི་མཛོད་འཛིན་པ། །སྐད་གཉིས་སྨྲ་བའི་ལོ་ཙཱ་རིན་ཆེན་བཟང་། །བསྟན་པའི་སྲོལ་འབྱེད་མཆོག་ཁྱོད་བསྔགས་པར་འོས། །མགོན་པོ་དེ་ཡི་ཐུགས་སྲས་སྐྱེས་བུའི་ཕུལ། །ཡོན་ཏན་ཀུན་འཛིན་ཚུལ་ཁྲིམས་ཕུང་པོ་ཅན། །དེས་བཟུང་ལུས་ཅན་བདེ་བའི་མལ་འཁྲིད་པའི། །ལོ་ཙཱ་བློ་གྲོས་གྲགས་དཀར་ལྡན་དེ་སོགས། །དམ་ཆོས་དོན་དུ་དཀའ་སྤྱད་ཆེར་མཛད་ནས། །བསྟན་སྲུང་དབང་པོའི་ཟབ་རྒྱས་གདམས་པའི་བཅུད། །གངས་ཅན་ལྗོངས་འདིར་འགྲོ་ལ་སྤེལ་མཛད་པའི། །སྐྱེས་མཆོག་དེ་དག་བཀའ་དྲིན་བསམ་ལས་འདས། །དིང་སང་བསྟན་འགྲོའི་དོན་ཕྱིར་རྒྱ་བལ་སོགས། །དཀའ་བས་བསྒྲོད་ནས་དམ་ཆོས་ངོམ་མེད་དུ། །འཚོ་བ་ལྟ་ཅི་རང་ཉིད་མི་བསླུ་བའི། །ཆོས་ཚུལ་རེ་རེའང་རྫོགས་པར་མི་སློབ་པའི། །བདག་འདྲའི་སྙིང་མེད་ཆོས་པར