R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༠བ
[A:༡༡༠བ] །བསེ་གདོང་ཅན་སོགས་མ་རུངས་འདུལ་སླད་དུ། །སྙིང་རྗེས་ཁྲོ་བོའི་འབག་ཏུ་སྐུ་བཞེངས་ཤིང་། །མཐིང་ནག་དྲག་པོ་རྔམ་པའི་ཞལ་གདེངས་ནས། །འཆམ་མགོན་བྱ་ལྟར་འཕུར་ཤེས་རྫུ་འཕྲུལ་གྱི། །ནག་པོ་ཆེན་པོ་མངོན་སུམ་འགྲོ་ཤེས་ཞེས། །ཁམས་གསུམ་ཀུན་ཏུ་གྲགས་པ་གསལ་ལྡན་པ། །བསྟན་དང་བསྟན་འཛིན་ཡོངས་ཀྱི་མ་འདྲིས་པའི། །མཛའ་བཤེས་ཆེ་ཁྱོད་ལྷ་བཅས་འགྲོ་བའི་སྐྱབས།