R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༠ན
[A:༡༡༠ན] །འདིར་སྨྲས་པ། རྒྱལ་བ་སྟོན་པ་མཆོག་གིས་བཀའ་བསྒོས་པའི། །གཾ་ལི་མཧཱ་ཀཱ་ལ་ཞེས་གྲགས་ཁྱོད། །ཁ་བ་ཅན་འདིར་རིན་ཆེན་བཟང་པོའི་རྗེས། །བསྟན་སྲུང་གཙོ་བོར་མཁའ་ལ་འཕུར་ཏེ་གཤེགས། །ཨེ་མ་རྒྱ་གར་འཕགས་པའི་ཡུལ་ལྗོངས་ནས། །ཐུགས་རྗེ་བྱང་ཕྱོགས་ཐུབ་བསྟན་བསྲུང་བའི་ཕྱིར། །ཡེ་ཤེས་པ་ཉིད་བསེ་འབག་ནག་པོ་ཡི། །ཟོལ་གྱིས་བྱོན་འདི་གཞན་ལས་ངོ་མཚར་རྨད།