R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༩བ
[A:༡༠༩བ]གདམས་ལྔ་བཅུ་རྩ་བདུན་ནི་རེ་རེ་ནས་བགྲངས་པ་ཞིག་དིང་སང་མི་སྣང་ཞིང་། མདོས་བསྐང་ལས་ཀྱང་ཞལ་གྱི་གདམས་པ་ལྔ་བཅུ་རྩ་བདུན་སྟོན་པ་ཞིག་ཡོད་སྐད། དེ་དག་གུད་དུ་ཤེས་པར་བྱའོ་ཞེས་འབྱུང་ངོ་། །དོན་འདི་ལ་དགོངས་ནས་ཚར་ཆེན་གྱི་མགོན་པོའི་དྲི་བ་ལྷག་བསམ་རབ་དཀར་ལས། ཞར་བྱུང་མདོས་བསྐང་མཛད་མཁན་སྤྱན་ཆེན་པོ། །རྒྱ་བོད་སུ་ཡིན་གཏན་ཚིགས་ཇི་ལྟར་ཡོད། །དེ་ལ་བརྒྱུད་པའི་ཞལ་གདམས་ལྔ་བཅུ་བདུན། །ཡོད་ཅེས་གླེང་བ་གང་ཡིན་སུ་ལས་བརྒྱུད། །ཅེས་གསུངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ལ། གཞན་ཡང་བྲམ་ཟེ་ཆེན་པོའི་སློབ་མ་པཎྜི་ཏ་ནག་པོ་རོ་འཛིན་གྱི་དྲུང་དུ་བླ་མ་གྱི་ལྗང་དབུ་དཀར་བས་གསན་པའི་དུར་ཁྲོད་ནག་པོའི་རྒྱུད་ལ་བརྟེན་པའི་ཆོས་སྐྱོང་གི་ཆོས་སྐོར་རྣམས་ཀྱང་གྱི་ལྗང་ཉིད་ལ་མལ་ལོ་ཉིད་ཀྱིས་རྫོགས་པར་གསན་ནས་རྗེ་ས་ཆེན་ལ་མ་ཚང་བ་མེད་པ་གནང་བ་ཡིན་ནོ།