R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༥བ
[A:༡༠༥བ]བཏབ་པའི་ཚེ། ཤླཽ་ཀ་གཅིག་ཁྱེར་བྱོན་ནས་གནང་། གཞན་རྣམས་ཀླུས་བདག་ལ་བསྟོད་ཀྱིན་འདུག་པས་ཁྱེར་མ་ཡོང་། ང་ཁྱེད་ཅན་དུ་ཡོང་མ་ཁོམ་པ་ཀླུ་རྣམས་ཀྱི་བསྟོད་པ་དེའི་གདངས་སྙན་པས་ཡེངས་པ་ཡིན་གསུངས། དེ་ནས་ལོ་ཙཱ་བས་གླིང་བུ་ལྟར་སྒྲ་སྙན་ཞིང་གསུང་རྩེར་ནས་ལྷ་མོ་ལ་བསྟོད་པ་ཤླཽ་ཀ་གཅིག་པོ་དེས་བསྐྱར་གྱིན་བོས་པས་མྱུར་དུ་བྱོན་པ་ཞིག་བྱུང་གསུངས། སྤྱིར་འཕགས་ཡུལ། ཁྱད་པར་རྡོ་རྗེ་གདན་གྱི་སྒོ་སྐྱོང་གི་ཆོས་སྐྱོང་སོགས་མང་དུ་ཡོད་པ་རྣམས་ཀྱི་ནང་ནས། བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ་རང་གི་བློས་བླངས་ཏེ་རྐང་ཚུགས་སུ་བྱོན་པའི་ཆོས་སྐྱོང་འདི་ཁོ་ན་ཡིན་པས། བོད་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱི་ཆོས་སྐྱོང་གཞན་གང་ལས་ཀྱང་འདི་ཉིད་སྒྲུབ་མྱུར་ཞིང་སྙིང་ཉེ་བ་ཡིན། བསྟན་པ་ཕྱི་དར་གྱི་ཐོག་མ་ལྟ་བུར་སོང་བས་བོན་པོ་གདུག་པ་ཅན་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་དུ་མ་བྱེད་པ་དང་། གོང་དུ་དཔེ་དཀར་གྱི་ཆོ་འཕྲུལ་ཡིན་ནམ་ཡང་ཟེར། གཞན་དག་