R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༥ན
[A:༡༠༥ན]བསམ་ཡས་སུ་གཏེར་དུ་སྦས་པ་ཐོན་པ་ལའང་དེ་བཞིན་དུ་བྱུང་བས་ཕྱིས་རབས་ལ་དེ་ལྟར་བྱས་པས་ཕན་པར་མཁྱེན་པ་ཡིན་ཞེས་གསུངས་པས། དིང་སང་པུ་ཏྲའི་བོད་རྦད་བསད་གསུམ་ལ་སཾ་ཀྲྀ་ཏའི་སྐད་ཀྱི་ཀློག་ལུགས་བྱེད་པ་དང་། སྐད་རིགས་དུ་མ་འདྲེས་པ་སོགས་ནི་ས་སྐྱའི་གོང་མ་རྣམས་ཀྱི་དགོངས་པ་མིན་པར་གསལ་ལོ། །དཔལ་ལྡན་ལྷ་མོ་ལ་རྒྱ་བོད་ཀྱི་སོ་མཚམས་སུ་ལོ་ཙཱ་བ་ཆེན་པོ་ཐུགས་སྐྱོ་བ་གཅིག་ལ་ཆུ་བོ་ཆེན་པོ་ཞིག་གི་རྦ་རླབས་ཀྱི་གཉེར་ལ་གཟིགས་ནས། ཏིལ་མར་གྱིས་བྱུགས་ལ་དབྱངས་མཛད་པ་དིང་སང་གི་ཆུ་གཉེར་མར་གྲགས་པའི་དབྱངས་འདི་ཡིན། ལྷ་མོ་ཞི་དྲག་ཕྱེད་མ་ལས་སངས་རྒྱས་ཀྱིས་མཛད་པའི་བསྟོད་པ་ཡོད་དེ། བོད་དུ་བྱོན་དུས་ཆུ་བོ་ཆེན་པོ་ལ་བརྒལ་བ་ན། ཀླུ་རྣམས་ཀྱིས་བསྟོད་པའི་དཔེ་བརྐུས་ནས་ཆུ་ལ་ཁྱེར། དུས་ཕྱིས་ཐོ་ལིང་གསེར་གྱི་ལྷ་ཁང་དུ་ལྷ་མོ་ཡུལ་རིང་མ་བྱོན་པར། ལོ་ཆེན་གྱིས་ལྷ་མོ་ལ་གསོལ་བ་