R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༩ན
[A:༩༩ན]།འདི་གཉིས་དུས་ཀྱི་སྔ་ཕྱི་མཚུངས་ལགས་སམ། །ཞེས་གསུངས་པ་ཡིན་ལ། ཡང་བསེ་མགོན་འདི་ཉིད་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་བྱུང་བར་བཞེད་པའི་བླ་མ་གོང་མ་རྣམས་འདི་ལྟར་གསུངས་ཏེ། སྔོན་རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། མཐའ་འཁོབ་དུ་རུ་ཀའི་རྒྱལ་པོ་གཉིས། ཕན་ཚུན་མཐོང་མ་མྱོང་ཡང་འཕྲིན་གྱི་སྒོ་ནས་ཤིན་ཏུ་མཛའ་བའི་གྲོགས་སུ་གྱུར་པ་ན། དུས་རེ་ཞིག་གི་ཚེ་རྒྱ་གར་རྒྱལ་པོས། དུ་རུ་ཀའི་རྒྱལ་པོ་ལ་གོས་ཆེན་ལས་བྱས་པའི་གོས་སྲུབ་མེད་པ་རི་མོ་ཅན་ཞིག་སྐྱེས་སུ་བསྐུར་བ་ལ་བལྟས་པས། སྙིང་གའི་ཐད་དུ་རྐང་རྗེས་འདྲ་བའི་རི་མོ་ཞིག་འདུག་པ་མཐོང་ནས། འདི་ང་ལ་ངན་བྱས་བསྐུར་བ་ཡིན་ཟེར་ཏེ་ཁོ་ཁྲོས་ནས། དམག་དཔུང་གི་ཚོགས་བཤམས་ཏེ་ཡུལ་དབུས་ཕལ་ཆེར་འཇོམས་པར་བྱས་རྡོ་རྗེ་གདན་དང་ཉེ་བར་སླེབ་པའི་ཚེ། དེར་བཞུགས་པའི་པཎྜི་ཏ་ལ་སོགས་པ་རྣམས་རི་སུལ་ནགས་གསེབ་སོགས་