R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢བ
[A:༩༢བ]མི་འཆད་པར་མཛད་དོ། །སློབ་མའི་ཐོག་མ་རིག་པ་ཅན་གྱི་ཁྱེའུ་ལྔའི་ནང་ནས། གཉིས་ནི་ཁ་ཆེར་ཚད་པས་གྲོངས། གསུམ་ནི་མང་ཝེར་ལོ་ཙཱ་བ་བྱང་ཆུབ་རྩེ་མོ། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས། འཇང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་དང་གསུམ་མོ། །དེ་ལྟ་བུའི་སྐྱེས་བུ་ཁྱད་པར་ཅན་དེས་ཧོ་སུ་ནས་སྦྲུལ་གསུམ་བཟུང་ནས་གསེར་སྒྲོམ་དུ་བཅུག་ནས་བསྐུར་ཏེ། སྙུང་ཝང་གི་ཕུགས་སུ་མ་སླེབས་བར་ལ་ཁ་མ་འབྱེད་ཅིག་གསུངས་ནས་བཏང་བས་ཉེ་གནས་ཀྱིས་སྤུ་རྣམ་གྱི་བྲག་རིར་ཁ་ཕྱེ་བས་སྦྲུལ་སྔོན་པོ་གཅིག་དོན་ནས་སོང་། ཡང་གཅིག་བཟུང་ནས་འདི་ཁ་སང་གི་དེ་འདྲ་མ་བྱེད་པར་སྙུང་ཝང་གི་ཕུག་རང་དུ་ཁ་ཕྱེས་ཤིག་གསུངས་ནས་བཏང་བས། ཀླུས་མི་སེམས་བསྒྱུར་ཏེ་སུ་ལུའི་ཐད་དུ་ཁ་ཕྱེ་ནས་དེར་བཏང་ངོ་། །དེ་ནས་བླ་མ་ལོ་ཙཱ་བའི་ཞལ་ནས། བུ་ཁྱོད་ཀྱིས་ཁོར་གཉིས་སུ་གོ་མ་ཆོད། སེམས་ཅན་གྱི་བསོད་ནམས་ལས་མ་གྲུབ་པ་