R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢ན
[A:༩༢ན]ལ་བཞེངས་པའི་ཀྱཻ་རྡོར་གྱི་སྐུ། གསང་འདུས་ཀྱི་པོ་ཏི་རྒྱ་གར་གྱི་ཤིང་ཤུན་ལ་བྲིས་པ་རྣམས་བཞུགས་སོ། །འདི་རྣམས་གཙུག་ལག་ཁང་འདི་ནས་ཕྱིར་བཏོན་ན་མི་སྡེ་ལ་ངན་པས་མ་འདོན་ཞིག་ཅེས་སྨན་ཛ་ལ་མ་རི་སྲུང་མར་བསྐོས་སོ། །གཞན་ཡང་པུ་ཧྲངས་བཞེངས་ཝེར། ཁ་ཆེ་གོ་ཁར། སྤྱི་རའི་མ་ཏི་ཏྲ་སོ་རི་རི་ཟར་ཝང་། སྣིའུ་ཏི་ཡག་ཚངས་མེད། འོ་རི། གཡང་མྱུར། དྲེ་ཏི་སྙུང་ལ། རོ་སྤག ཧོ་སུ་ལང་གའི་བར་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ཐ་མ་དྲིལ་ཆུང་ན་གཙུག་ལག་ཁང་བྲེ་ཙམ་ཞིག་དང་གྲིལ་བས་བརྒྱ་རྩ་གཅིག་ཚང་། རྩིས་གཞུག་ཀྱང་དེས་རྫོགས་སོ། །གཞན་ཡང་རོང་ཆུང་གི་གཙུག་ལག་ཁང་ཐམས་ཅད་ཀྱང་ལོ་ཆེན་གྱིས་བཞེངས། ཁྱད་པར་དུ་ཁོང་གི་བཞུགས་པའི་ཡུལ་རེ་རེ་ན་གཙུག་ལག་ཁང་རེ་རེ་ཡོད། མཆོད་རྟེན་བཞེངས་པ་ནི་དཔག་ཏུ་མེད། ཉིན་རེ་བཞིན་ཆོས་སྤྱོད་རྒྱུན་