R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༣ན
[A:༩༣ན]ཡིན། དེ་གསུམ་ས་གཅིག་ཏུ་ཐོན་ན་གྲོང་ཁྱིམ་བརྒྱ་ལྷག་ཙམ་ཡོང་བ་ཡིན། ད་བཟའ་ཚོ་ངན་བསྐམ་པའི་ཡུལ་ལས་མི་འོང་གསུངས་སོ། །རྒྱ་གར་ཤར་ནུབ་ནས་ཆོས་བསྒྱུར་པ་སོགས་ནི་དཀར་ཆག་ཏུ་གསལ། སྤྱིར་ཐུགས་དམ་ནི་པུ་ཧྲངས་ཀྱི་བཞེངས་ཝེར་མན་ཆོད། ཧེ་སུ་ལ་ཡན་ཆོད་དུ་བཞུགས་ནའང་། གཙོ་ཆེར་རྒྱམ་ཤུར་དུ་བཞུགས་ཤིང་། པུ་ཧྲངས་ཁ་ཆེར་ཡང་ཡུན་རིང་གདན་ཆགས། དེ་ལྟར་མཛད་ནས་དགུང་ལོ་བརྒྱད་ཅུ་རྩ་བདུན་བཞེས་པའི་ཚེ། ཇོ་བོ་རྗེ་ལྷ་གཅིག་ཕོ་བྲང་བཙུན་པས་གདན་དྲངས་ནས་པུ་ཧྲངས་ཀྱི་བཞེངས་ཝེར་དུ་མཇལ་བས། ཇོ་བོའི་ཞལ་ནས་བླ་མ་ལོ་ཙཱ་བ་ཆེན་པོ་ཁྱེད་ཀྱིས་ཆོས་མང་པོ་ཤེས། ལོ་ཙཱ་ཡང་མཁས་པར་གྲགས་ཤིང་འདུག་པས་ཁོ་བོའི་ལོ་ཙཱ་བྱེད་དགོས་གསུངས་པ་ལ། བདག་ན་སོ་རྒས་པས་ལོ་ཙཱ་བའི་རྔོ་མི་ཐོགས། སྒྲ་མི་དག་པས་ཆོས་