R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༨བ
[A:༨༨བ] ཤར་ཕྱོགས་ཀྱི་མཁན་པོ་ཛི་ན་མི་ཏྲ་དང་། ཛྙཱ་ན་ཤྲཱི་དང་། ཤི་ལནྡྲ་བྷོ་དྷི་ལ་སོགས་པ་པཎྜི་ཏ་དུ་མ་ལས་ཆོས་ཞུས། སྡེ་སྣོད་གསུམ་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་སོགས་པ་མདོ་རྒྱུད་གདམ་ངག་མང་དུ་གསན་ཅིང་བསྒྱུར་ཏོ། །དེ་ནས་ཁ་ཆེར་བྱོན་ཏེ། ཤྲདྡྷ་ཀ་རའི་ཕྱག་ནས་དཔེ་ཆ་རྣམས་བླངས། ཐེག་ཚད་བསྣམས་ནས་བོད་དུ་བྱོན། མ་ཐེག་པ་རྣམས་ཀྱང་ཤྲདྡྷ་ཀ་རའི་ཕྱག་ཏུ་བཞག་གོ །དེ་ཡན་ལ་རྒྱ་གར་དང་ཁ་ཆེར་ལོ་བཅུ་སོང་སྐད། དེ་ནས་རྐང་མགྱོགས་ཀྱི་མཐུས་སྙུང་ཝྃ་དུ་ཞག་དྲུག་ལ་བྱོན་པས་ཡབ་ལོ་གཅིག་གི་སྔོན་ལ་གཤེགས་གྲུབ་འདུག་པས། ཁ་ཆེ་ནས་ལོག་མ་འོངས་པས་འགྱོད་པ་དྲག་པོ་སྐྱེས། ཡབ་ཀྱི་དོན་དུ་ངན་སོང་སྦྱོང་བའི་དཀྱིལ་འཁོར་བདུན་བཞེངས། པུ་ཧྲངས་སུ་ཕེབས་ཙ་ན་བོད་ཀྱི་དགེ་བཤེས་གཅིག་འཇག་མའི་སྟེང་དུ་དཀྱིལ་ཀྲུང་བཅས་ནས་སྡོད་པ་དང་། ལུས་ལ་འོད་ཟེར་འཕྲོ་བ་ལ་སོགས་པ་བྱུང་བས། མི་ཐམས་