R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༩ན
[A:༨༩ན]ཅད་གུས་ཤིང་མོས་པའི་ཚེ། བླ་མ་ལོ་ཙཱ་བའི་དགོངས་པ་ལ། ཀླུ་བདུད་ཀྱི་ཆོ་འཕྲུལ་དུ་དགོངས་ནས་ཟླ་བ་གཅིག་བསྒྲུབ་པ་མཛད་རྗེས། ཁོའི་རྩ་རུ་བྱོན་ནས་སྡིགས་མཛུབ་མཛད་པས་ས་ལ་ལྷུང་བས། གཟོད་ལོ་ཙཱ་བ་ཆེན་པོ་ལ་ཐམས་ཅད་མོས་པར་གྱུར་ཏོ། །མངའ་རིས་ཀྱི་བླ་མ་ཆེན་པོ་ལྷ་ལྡེ་བཙན་གྱིས་པཎྜི་ཏ་པྲཛྙཱ་ཀ་ར་ཤྲཱི་མི་ཏྲ་དང་། པཎྜི་ཏ་སུ་བྷ་ཤི་ན་ལ་སོགས་མཁས་བཙུན་དུ་མ་གདན་དྲངས་ནས་བྱོན་པ་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས་དུ་མ་གསན་ཅིང་བསྒྱུར། མདོར་ན་པཎྜི་ཏ་བདུན་ཅུ་རྩ་ལྔ་ལ་དམ་ཆོས་མང་དུ་ཞུས་གསུངས་སོ། །བླ་མ་ཆེན་པོ་ལྷ་ལྡེའི་དབུའི་མཆོད་གནས་དང་། ཇོ་བོ་སློབ་དཔོན་མཛད་ནས། དགོན་ནགས་སུ་རང་གི་གནས་གཞི་དང་། གཙུག་ལག་ཁང་བརྒྱ་རྩ་བཞེངས་པའི་ཞལ་བཞེས་མཛད། ལྷ་བླ་ཆེན་ལྷ་ལྡེས་ཁྭ་ཆར་གྱི་གཙུག་ལག་ཁང་བཞེངས་གྲུབ་པ་དང་། གུ་གེར་ཕེབས་ཏེ།