R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༩བ
[A:༧༩བ]ཞུས་ནས། ས་ཆེན་ལ་དབང་སོགས་ཆོས་སྐོར་རྫོགས་པར་གནང་བ་དང་། བླ་མ་ཀླུ་པ་དག་ཀྱང་ལུགས་འདིའི་སྐོར་སྲས་བརྒྱུད་ལ་མིན་པ་གཞན་ལ་མི་གནང་བ་སོགས་ཐུགས་གཙིགས་སུ་མཛད་ཅིང་། ཕྱིས་དམ་པ་ཀུན་གྲགས་སོགས་ཀྱང་ས་ལུགས་དང་། གྱི་ལྗང་ལུགས་གཉིས་ཟུང་འབྲེལ་དུ་ཉམས་སུ་བཞེས་པས་ན། ལུགས་འདི་ཚད་ལྡན་ཡིན་པ་བསྙོན་མེད་དུ་གྲུབ་པ་ཡིན་ལ། ས་ལུགས་རང་རྐང་དང་མི་འདྲ་བའི་ཁྱད་པར་ནི། བཙུན་མོའི་དབང་སོགས་གོང་དུ་བཤད་པ་རྣམས་སོ། །འདི་ལ་དགོངས་ནས་རྗེ་ཚར་ཆེན་གྱིས་ མགོན་པོའི་དྲི་བ་ལྷག་བསམ་རབ་དཀར་ལས། གྱི་ལྗང་ལུགས་ཞེས་བྱ་བའི་ཆོས་འདིའི་སྐོར། །ཚད་ལྡན་ཡིན་ནམ་མིན་ན་སྐྱོན་གང་ཡོད། །སྲོལ་འདི་ས་ལུགས་དག་དང་མི་འདྲ་བའི། །ཁྱད་པར་དབྱེ་བའི་རིམ་པ་ཇི་ལྟར་ཡོད། །ཅེས་གསུངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །གཞན་ཡང་དུར་ཁྲོད་ནག་པོའི་རྒྱུད་ལ་བརྟེན་པའི་སྲོལ་