R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༠ན
[A:༨༠ན]འཛིན་པཎྜི་ཏ་འཇམ་དབྱངས་ཞེས་བྱ་བ། ཡུལ་རྒྱ་གར་བ། རིགས་བྲམ་ཟེ། བསྟན་བཅོས་ཐམས་ཅད་ལ་མཁས་པ་ཞིག་གིས་ཐོག་མར་མུ་སྟེགས་ཀྱི་རྒན་མོ་ཞིག་ལ་སློབ་དཔོན་བཅོལ། ཕྱིས་སློབ་དཔོན་གཞན་བསྟེན་པས། མོས་ཕྲག་དོག་གི་མཐུ་བྱས་པས། ཁོང་ཡར་ཁྲག་ཏུ་སྐྱུགས། མར་ཁྲག་ཏུ་བཤལ་བའི་ནད་དམ་པོས་ཟིན་པ་དང་། སློབ་དཔོན་ཀུ་ས་ལི་ཆུང་བ་དང་མཇལ་ནས། ཁོང་གི་ཞལ་ནས་ནག་པོ་ཆེན་པོ་ལ་གསོལ་བ་ཐོབ་གསུངས་ནས་མགོན་པོའི་སྒྲུབ་ཐབས་གནང་བ་དང་། ཁོང་གིས་ཤིང་སྡོང་གཅིག་གི་རྩར་དོང་བྲུས་ནས་དེའི་ནང་དུ་ཁྲག་འཛག་པ་རྣམས་གསོལ་ཞིང་བཞུགས་པས། ཟླ་བ་དྲུག་ན་མཧཱ་ཀ་ལ་འགྲུབ་སྟེ་ཞལ་མངོན་སུམ་དུ་བསྟན། མགོན་པོ་ལྷ་ལྔའི་སྒྲུབ་ཐབས་མཛད། ཕྱིས་པཎྜི་ཏ་འདི་རྒྱ་ནག་རི་བོ་རྩེ་ལྔར་འབྱོན་པའི་ལམ་བོད་ལ་མཛད་ནས་བྱོན། ཤ་བོ་སྒང་བ་ཇོག་པོ་