R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༡ན
[A:༧༡ན]ནི་གོམ་སྟབས་ཀྱིས་འབྱོན་པའི་ངང་ནས་ཞལ་ཕྱིར་ལོག་ཏུ་བསྟན་པ། ཕྱག་གཡོན་པའི་གྲུ་མོའི་ནང་དུ་གཎྜེ་བཅུག་པ་ཞིག་འབྱུང་ངོ་། །དེ་ནས་དུས་ཕྱིས་ཨོ་ཊ་ཡ་ནའི་ཡུལ་དྷ་ན་ཀོ་ཥའི་མཚོ་གླིང་དུ་པདྨའི་སྡོང་པོ་ལས་བརྫུས་ཏེ་འཁྲུངས་ནས་རྒྱལ་པོའི་སྲས་སུ་མངའ་གསོལ་བ། པདྨ་བཛྲ་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ། འཛམ་བུའི་གླིང་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་པ་དེས་བོད་དུ་འབྱོན་པའི་དུས་སུ། རྡོ་རྗེ་གདན་གྱི་ཀ་བ་ནས་བཏོན་ཏེ་བསྣམས་ནས་བྱོན། སློབ་དཔོན་ཀླུ་སྒྲུབ་ཉིད་ལ་མན་ངག་རྣམས་ལེགས་པར་ཞུས། འཕགས་ཡུལ་དུ་བཀའ་མི་ནུབ་པར་བྱ་བའི་ཕྱིར་མན་ངག་རྣམས་རྒྱ་གར་ཤར་ཕྱོགས་ཀྱི་པཎ་གྲུབ་རྒྱུད་ཡོངས་སུ་དག་པའི་རྣལ་འབྱོར་པ་དྷརྨཱ་པཱ་ལ་ཞེས་བྱ་བ་ལ་གནང་། སློབ་དཔོན་པདྨ་བཛྲ་ཞེས་བྱ་བ་མཁས་ཤིང་གྲུབ་པ་དེ་བོད་དུ་བྱོན་ནས། བསྟན་པ་བསྲུང་བའི་མཚོན་ཆ་གཞན་མང་པོ་དང་བཅས་པ་བོད་ཀྱི་