R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༡བ
[A:༧༡བ]རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ལེགས་པར་གཏད་དོ། །དེ་ནས་དུས་ཕྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎ་གྲུབ་དྷརྨཱ་པཱ་ལ་ཆོས་སྐྱོང་ཞེས་བྱ་བ་དེ་ཉིད་བལ་པོའི་རྟེན་ཁྱད་པར་ཅན་བལྟར་བྱོན་པས། ཚད་ནད་ཀྱིས་ཐེབས་ནས་སྙུང་བ་ལ་གངས་རི་ཡོད་པར་བྱོན་ན་ཕན་ཟེར་ནས། ཁ་བའི་གནས་གངས་ཏི་སེ་དང་། མཚོ་མ་དྲོས་པ་གཟིགས་པའི་ཆེད་དུ་མངའ་རིས་སུ་བྱོན་པའི་ཚེ། བོད་ཀྱི་རྒྱལ་བློན་ཡོན་མཆོད་ཆོས་ལ་གུས་པས་སྤྱན་དྲངས། ལོ་ཆེན་གྱིས་ཀྱང་བཀུར་བསྟི་ཆེན་པོ་མཛད། ཡོ་ག་ལ་སོགས་པའི་ཆོས་སྐོར་མང་པོ་ཞུས། ཁྱད་པར་པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་སྐོར་སོགས་རྡོ་རྗེ་གདན་གྱི་ཀ་བ་ནས་བཏོན་པའི་མགོན་པོ་འདིའི་ཆོས་སྐོར་རྣམས་ཞིབ་པར་ཞུས་ནས་ཐུགས་ཚིམ་སྟེ། མཐར་གསེར་སྙིམ་པས་བཅུས་ཏེ་ཕུལ་བས་མ་བཞེས། ཡང་ཡང་ཕུལ་བས་ཁྱེད་མི་དགའ་ན་ངས་འདི་ཁྱེར་གསུངས་ནས་རྡོག་པོ་གཅིག་བསྣམས། ང་ལ་གསེར་གྱི་དགོས་པ་མེད། འཚོ་བ་མེད་ན་