R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧ན
[A:༧ན]གཟུགས་ཀྱི་སྐུ་ཆོས་ཉིད་མི་འགྱུར་བ་མཚོན་པས་སྐུ་མདོག་ནག་པོ། ཆོས་ཐམས་ཅད་སྟོང་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། བདེན་གཉིས་ཐུགས་སུ་ཆུད་པས་ཕྱག་གཉིས་པ་ལ་སོགས་པར་ཤར་བ་རྣམས་སོ། །འདི་ལ་ནི་ཀུན་རྫོབ་གཟུགས་ཀྱི་མགོན་པོ་ཞེས་ཀྱང་བྱ། མཚོན་བྱེད་བརྡའི་ཆོས་སྐྱོང་ཞེས་ཀྱང་བྱ་སྟེ། མགོན་པོ་ཁྲོས་པའི་རྒྱུད་ལས། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། །སྨོན་ལམ་རྣམ་པར་སྦྱོང་བྱེད་ཅིང་། །སྙིང་རྗེའི་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོས་སྲིད་པ་སྦྱོང་བར་མཛད། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་གསུངས་སོ། །གཉིས་པ་རྒྱུད་ཀྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། དྲེགས་པ་ཕོ་རྒྱུད། མོ་རྒྱུད། གཉིས་མེད་ཀྱི་རྒྱུད་དོ། །དང་པོ་ནི། མགོན་པོས་གཙོ་བྱས་ནག་པོ་སྟོང་ལ་སོགས་པ་རྣམས་སོ། །གཉིས་པ་ནི་ལྷ་མོས་གཙོ་བྱས་པའི་མ་མོ་བྱེ་བ་