R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༧བ
[A:༦༧བ]རྩ་ལག་སྲོག་ཤིང་དམ་པ་དཔལ་མ་ག་ཏ་རྡོ་རྗེ་གདན་གྱི་སྒོ་བཞི་ན་བསྟན་སྲུང་ཆེན་པོ་བཞི་ཡོད་པའི་ནང་ནས། འདི་ཉིད་བྱང་སྒོ་སྲུང་བའི་ཆོས་སྐྱོང་ཡིན། འདིའི་རྟེན་སངས་རྒྱས་ཐུབ་པའི་དབང་པོ་རང་ཉིད་ཀྱིས་རབ་གནས་མཛད་པའི་སྐུ་གསུང་ཐུགས་ཀྱི་རྟེན་མགོན་ཁང་དང་བཅས་པ་དེ་ལ་རྒྱལ་བ་ཉིད་ཀྱིས་བཀའ་བསྒོས་ཏེ། ནག་པོ་ཆེན་པོ་ལ་བསྟན་པ་སྤྱིའི་སྲུང་མར་མངའ་གསོལ། བསྟན་པ་གཏད་དེ། བསྟན་པ་ཇི་སྲིད་གནས་ཀྱི་བར་བསྲུང་བའི་ཆོས་སྐྱོང་ཆེན་པོར་གྱུར་ཏོ། །དེ་ལྟ་བུའི་སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱི་དྲུང་དུ། ཡུལ་དབུས་ཀྱི་པཎྜི་ཏ་ཆེན་པོ་ནོར་བུ་གླིང་པ་བདེ་བའི་རྡོ་རྗེས་ཞུས་པ་ཡིན་ཏེ། དེའང་འདི་ཉིད་ཐོག་མར་རབ་བྱུང་རིག་པའི་གནས་ལྔ་ལ་སྦྱངས་པ། སྤྱིར་གསང་སྔགས་ཙམ་དང་། བྱེ་བྲག་ཏུ་ཡོ་ག་རྣལ་འབྱོར་གྱི་རྒྱུད་ལ་མཁས་པའི་ཚད་དུ་སོན་པ་དེས། བྷེ་དན་གྱི་ཡུལ་དུ་བྲམ་ཟེ་ཆེན་པོས་ཆོས་སྐྱོང་ཞལ་གཟིགས་ཤིང་གདམས་པ་ཐོབ་པའི་སྙན་གྲགས་གསན་ནས། ཆོས་སྐྱོང་འདི་ཞུས་