R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༨ན
[A:༦༨ན]པས་དེའི་ཚེ་མ་གནང་བར། དེ་ནས་ལོ་གསུམ་སོང་བ་ན་རྡོ་རྗེ་གདན་གྱི་མགོན་ཁང་དུ་བྱོན་ནས་ཆོས་སྐྱོང་གི་མན་ངག་རྣམས་ཡོངས་སུ་རྫོགས་པར་གནང་། དེའི་ཚེ་ཆོས་སྐྱོང་དངོས་སུ་ཞལ་གཟིགས་དུས་དེ་ནས་བཟུང་སྟེ་ལུས་དང་གྲིབ་མའི་ཚུལ་དུ་རྟག་ཏུ་འབྲལ་མེད་དུ་ཡོད་གསུངས་སོ། །བླ་མ་འདི་ཤིན་ཏུ་བཙུན་པའི་མཆོག་ཏུ་གྱུར་པས་ཚུལ་ཁྲིམས་ཀྱི་དྲི་བཟང་པོ་གཞུ་འདོམ་ལྔ་བརྒྱའི་བར་དུ་ཚོར་བ་ཡོད་ཅིང་། ཆོས་སྐྱོང་གི་གསུང་གིས་ཀྱང་། ཁྱོད་ཀྱི་ཚུལ་ཁྲིམས་འདི་རྣམ་པར་དག་པས། བདག་སྐད་ཅིག་ཀྱང་ཁྱོད་དང་མི་འབྲལ་བར་བསྲུང་བ་དང་། དམ་ཚིག་ཏུ་བགྱི་བ་ཡིན་གསུངས་ཤིང་། འགའ་ཞིག་གིས་ཆོས་སྐྱོང་དངོས་སུ་མཐོང་བ་ཡང་ཡོད་ཟེར། གང་ལྟར་ཡང་བསྟན་པའི་རིམ་གྲོ་དགོས་པ་བྱུང་ན། བླ་མ་འདི་མགོན་ཁང་དུ་སྤྱན་དྲངས་ཏེ་གསོལ་བ་ཞག་རེའམ་གསུམ་ཙམ་བཏབ་པས། གང་བསྒོ་བ་དེ་ཐོགས་པ་མེད་པར་འགྲུབ་པས་བསྟན་པ་ལ་