R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༡ན
[A:༦༡ན]པ་ཟབ་མོའི་བཅུད། །དེ་ལྟའི་ངེས་དོན་ཉམས་ལེན་གྱིས་ཟིན་པའི། །གང་ཤར་བསྙེན་སྒྲུབ་ལས་ཀྱི་རྣམ་རོལ་དུ། །ཤེས་པས་ཅི་བྱས་ཆོས་སུ་འགྱུར་བ་ཡི། །ལམ་ཁྱེར་མཆོག་འདི་ཁོ་བོས་སྐལ་བས་རྙེད། །བརྒྱུད་ལྡན་བླ་མ་རྣམས་ཀྱིས་བུ་བཞིན་བསྐྱངས། །རང་ཉིད་གསུང་རབ་དོན་ལ་བློ་གསལ་བས། །ཟབ་རྒྱས་ཆོས་ཚུལ་རྒྱ་མཚོའི་གནད་ཚང་རིག །བསྙེན་བསྒྲུབ་སྦྱོར་བས་ཆོས་སྐྱོང་མཉེས་པར་བྱས། །འདི་དང་ཕྱི་མའི་དོན་ཆེན་སྙིང་ནས་སེམས། །ཅིར་སྣང་རྨི་ལམ་སྒྱུ་མའི་རྣམ་རོལ་གྱིས། །འཕྲིན་ལས་རྣམ་བཞིས་བསྟན་པ་འཛིན་པ་ལ། །རྒྱལ་བ་དགྱེས་པའི་སྔགས་འཆང་མི་ཟེར་རམ། །དེང་སང་བསྟན་སྲུང་ཆོས་སྐོར་རྒྱ་མཚོ་རྣམས། །དོན་གཉེར་ལྟ་ཅི་རྗེས་གནང་ཙམ་རེ་ཡང་། །མ་ཐོབ་ཉམས་ལེན་བྱེད་ལ་རིང་པ་འདི། །ལེགས་པར་བརྟགས་ན་ཁེ་ཉེན་གང་ཆེ་སོམས། །མཚན་ལྡན་བླ་མར་གདམས་ངག་རྫོགས་པར་ཞུས། །རྟགས་བཟང་མ་ཐོབ་