R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༠བ
[A:༦༠བ]མ་རྣམས་བཞེད་པའི་སློབ་དཔོན་པདྨའི་གསུང་འཁྲུལ་མེད་ཕུར་པའི་ཡི་གེ་རྙིང་མ་རྣམས་ནས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་ཡིན་ནོ། །འདིར་སྨྲས་པ། དེ་ལྟར་རྒྱལ་བའི་ཡེ་ཤེས་རྒྱ་མཚོ་ཆེ། །རླབས་ཆེན་ཐུགས་རྗེའི་དྲི་བཞོན་གྱིས་བསྐྱོད་པས། །གང་འདུལ་ཞི་དྲག་རྦ་རླབས་ཟློས་གར་ནི། །གྲངས་མེད་གཡོ་འདི་དཔག་པར་སུ་ཡིས་ནུས། །དེ་ལྟར་ཚད་མེད་སྙིང་རྗེའི་ཆུ་ཡི་གཏེར། །རབ་ཏུ་འཁྲུགས་པའི་ངམས་ནག་དུས་མཐའི་སྤྲིན། །སྲིད་གསུམ་ཟ་བའི་ལྗགས་ཀྱི་གློག་ཕྲེང་གཡོ། །བདུད་དགྲའི་སྙིང་འགེམས་ཧཱུྃ་ཕཊ྄་འབྲུག་སྟོང་རྒོད། །ཨེ་མ་འདི་འདྲའི་བསྟན་སྲུང་ལྷ་ཆེན་པོ། །ཡུམ་མཆོག་ཕོ་ཉར་བཅས་པའི་རྣམ་རོལ་གྱིས། །དུས་གསུམ་རྒྱལ་བས་མ་ཐུལ་གདུག་ཅན་རྣམས། །སྒྲོལ་འདི་རྒྱལ་བའི་རྣམ་འཕྲུལ་རབ་དང་ཕུལ། །ཅིར་ཡང་འཆར་བའི་འཁོར་འདས་སྣང་སྲིད་འདི། །ཕྱི་ནང་གསང་བའི་དྲེགས་པ་རྒྱུད་གསུམ་དུ། །འདུས་པར་ཤེས་ཤིང་དེ་ཡང་སྤྲོས་བྲལ་གྱི། །བློ་འདས་ངང་དུ་འཇོག་