R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༠བ
[A:༥༠བ]དུ་སྔགས་རྒྱས་བཏབ་ནས་བཞག ནངས་པར་ནམ་ལངས་པ་དང་སློབ་དཔོན་ཆེན་པོས་ཆུ་མིག་བྱང་ཆུབ་རིས་སུ་བྱོན་ནས་སྔར་གྱི་རྒྱ་བཀྲོལ་ནས་གཟིགས་པས་བུད་མེད་མཛེས་མ་བཞི་འདུག་པས། སློབ་དཔོན་ཆེན་པོས་མཁྱེན་བཞིན་དུ་ཁྱེད་རྣམས་སུ་ཡིན་གསུངས་པས། དེ་དག་ན་རེ། ངོས་ཅག་རྣམས་ནི་ཡུལ་ཚ་བ་རོང་གི་སའི་ཆ། མེ་ཏོག་པདྨ་དགུན་ཡང་སྐྱེ་བའི་ཡུལ་ན་གནས་པ། མིང་ནི་བསེ་མོ་བཞིའམ། གྲུ་འདེགས་རྒྱལ་མོ་བཞིའམ། རྒྱལ་ཁམས་ཀྱི་མཁའ་འགྲོ་མ་བཞིའམ། དབུགས་འཕྲོག་སྲོག་བདག་མ་བཞི་ཞེས་ཀྱང་བྱ་ཞིང་། སྔར་ཡང་འཇིག་རྟེན་གྱི་ཚེ་སྲོག་ལ་ལོངས་སྤྱད་ཅིང་། ད་དུང་དེ་ལ་དབང་པའི་དབང་ཞིག་བསྐུར་དུ་གསོལ་ཞེས་ཞུ་བ་ལ། སློབ་དཔོན་གྱིས་དེ་ལྟར་དུ་མ་གནང་བར་སེམས་ཅན་ལ་གནོད་འཚེ་བཀག་ནས་དམ་ལ་བཏགས་ཏེ། རྡོ་རྗེ་ཕུར་པའི་བསྟན་པ་བསྟན་འཛིན་དང་བཅས་པ་བསྲུང་ཞིང་སྐྱོང་བའི་གཉེར་གཏད་ནས། དེ་རྣམས་ལྷན་ཅིག་ཏུ་བཞག་ན་