R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩ན
[A:༥༩ན]ནམ་ཕྱེད་ཙམ་ན་བུད་མེད་ནག་མོ་ཆེན་མོ་ལྕགས་ཀྱི་དྲེལ་རྟ་རྐང་གསུམ་ལ་ཞོན་པ། གཡུའི་སྨིན་མ་ཅན་མིག་སྐར་ཆེན་ཤར་བ་ཙམ། རལ་པ་ཕུར་པས་བརྒྱན་པ། མི་ལྤགས་ཕྲག་ལ་བཀལ་བ། ལག་པ་གཡས་ན་ཁྲམ་ཤིང་དང་། གཡོན་དུ་ནད་ཀྱི་རྐྱལ་པ་ཐོགས་པ་ཞིག་བྱུང་བས། དེ་ཉིད་འཇིག་རྟེན་གསུམ་གྱི་བདག་མོ་རྡོ་རྗེ་ཕུར་པའི་སྲུང་མ་ཡིན་པར་མཁྱེན་ནས། སླར་ཡང་དམ་ལ་བཏགས་ཤིང་བསྟན་པ་བསྲུང་བར་བཀའ་བསྒོས་ཏེ། བདག་ཉིད་ཆེན་མོའི་དུས་ལ་བབ། །ཅེས་སོགས་ཀྱི་བསྟོད་བསྐུལ་ཡང་དེ་དུས་མཛད་པ་ཡིན་པར་བཤད་དོ། །ཡང་སློབ་དཔོན་རྣམ་གསུམ་གྱིས་ཚ་ཤོད་ཚ་བ་རོང་ཞེས་བྱ་བའི་སྒྲུབ་གནས་སུ་བཞུགས་པ་ན། ལན་གཅིག་སྲོད་ཀྱི་ཆ་ལ་བབས་པའི་ཚེ། སློབ་དཔོན་པདྨའི་དྲུང་དུ་དབུགས་ཏུ་ཏུང་བྱེད་པ་ཞིག་བྱུང་བས་བར་ཆད་ཡིན་ནམ་དགོངས་ཏེ་གཟིགས་པས། བུད་མེད་གཅིག་འདུག་པ་བཟུང་ནས་ལྕགས་ཀྱི་པར་པུའི་ནང་