R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨བ
[A:༥༨བ]ཆེན་པོ་ཉིད་ཀྱི་ལུས་ལྷ་དང་། ངག་སྔགས་དང་། ཐུགས་ཡེ་ཤེས་ཀྱི་རང་བཞིན་ལས་གཡོ་བ་མེད་པའི་ངང་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་དུ་གྱུར་ཏོ། །དེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་དང་། སློབ་དཔོན་བི་མ་ལ་མི་ཏྲ་དང་། བལ་པོ་ཤི་ལ་མཉྫུ་གསུམ་གྱིས་སླར་ཡང་གནས་དེར་རྡོ་རྗེ་ཕུར་པའི་སྒྲུབ་པ་ཞག་གསུམ་མཛད་པའི་ཚེ་དམ་ཅན་རྣམས་ཀྱིས་དྲོད་ཚད་བརྟགས་པའི་ཚུལ་ནི། ཞག་གསུམ་པོའི་སྲོད་ཀྱི་ཆ་ལ་ཟངས་ཀྱི་ཝ་མོ་ཞ་བཀུག་པ་འདྲ་བ་གཅིག་ལ་ཟངས་ཀྱི་བུད་མེད་ཆེན་མོ་ཞིག་གིས་བཞོན་ལག་ན་ཟངས་ཀྱི་ཞགས་པ་འདོམ་དགུ་བརྒྱ་དགུ་བཅུ་ཡོད་པ་ཐོགས་པ་ཞིག་བྱུང་བ་ལ། སློབ་དཔོན་གསུམ་གྱི་དགོངས་པས་དེ་ཉིད་རྡོ་རྗེ་ཕུར་པའི་སྲུང་མ་ཡིན་པར་མཁྱེན་ཏེ། སླར་ཡང་དམ་ལ་བཏགས་ཤིང་བསྟན་པ་བསྲུང་བའི་གཉེར་ཁ་གཏད་དེ། ཤྭ་ན་མུ་ཁའི་དུས་ལ་བབ། །ཅེས་སོགས་ཀྱི་བསྟོད་བསྐུལ་ཡང་དེ་དུས་མཛད་པར་གྲགས་སོ། །ཡང་