[A:༣ན] འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་མཛད་པ་ཡིན་ཞེས་མདོ་རྒྱུད་མན་ངག་དུ་མ་ནས་གསུངས་པ་བཞིན། འདིར་བདག་ཅག་རྣམས་ཀྱི་ཡོངས་འཛིན་དམ་པ་དེ་ནི། འཕགས་པ་བ་གུ་ལའི་སྤྲུལ་པར་ཡང་ཕལ་མོ་ཆེ་བཞེད་ལ། ལྷོ་བྲག་ཕྱག་རྡོར་བས་ནི། ནཱ་རོ་པ་ཆུང་བ་ནས་བརྒྱུད་དེ། སྐུ་སྐྱེ་ལྔ་ཙམ་པཎྜི་ཏ་འབའ་ཞིག་ཏུ་སྐུ་འཁྲུངས། སྐུ་སྐྱེ་འདིར་ཡང་ཐེག་ཆེན་གྱི་རིགས་སད། གུང་ལོའི་ཚད་ནི་དོན་གསུམ་ཡིན་ལ། མི་གཙང་བ་དང་གྲིབ་ལ་འཛེམ་དགོས། འདིར་འཇལ་བའི་སྨོན་ལམ་མི་འདུག་པས། ཕྱི་མ་བདེ་བ་ཅན་དུ་འཇལ་བའི་སྨོན་ལམ་འདེབས། ཅེས་པའི་ཞུ་ཡིག་གཅིག་ཕུལ་འདུག། གཞན་པཎ་ཆེན་ཟླ་བ་མགོན་པོ་ཡིན་པར་གྲགས། འདི་རྣམས་ཀྱི་རྒྱུ་མཚན་འོག་ཏུ་འབྱུང་ལ། འཁྲུངས་པའི་ཡུལ་ནི། གངས་ཅང་གཙང་གི་སྲོན་པོ་དོ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་གནས། ས་གཞི་བྱིན་ཆགས་ཤིང། དཔའ་བོ་དང་མཁའ་འགྲོ་ངང་གིས་འདུ་བའི་གནས། མཁས་ཤིེང་གྲུབ་པ་བརྙེས་པ་དུ་མས་ཞབས་ཀྱིས་བཅགས་པ་གཅིག་ཡིན་སྐད། ཡབ་ནི་ཐར་པ་བཟང་པོ་ཞེས་བྱ་བ། རུས་མི་ཉག་ཐུགས་ རྒྱུད་ཏིང་ངེ་འཛིན་གྱིས་དགེ་ཞིང། གཞན་ཕན་འབའ་ཞིག་སེམས་པ། ཚོང་ཁེ་སྐྱེད་ལ་ངང་གིས་འཛེམས་སྟེ། དགེ་གཉེན་གྱི་སྡོམ་པ་ལ་ཅེས་སྤྲས་མཛད་པ་གཅིག་ཡིན་ལ། ཡུམ་ནི་དཀོན་མཆོག་དཔལ་ཞེས་བྱ་བ། བཅུ་གཅིག་ཞལ་དང་། དོན་ཞགས་ཀྱི་བསྙུང་གནས་ལ་ཐུགས་དམ་གྱི་འཐིལ་མཛད། ཐུགས་རྒྱུད་ཏིང་ངེ་འཛིན་གྱིས་དུལ་ཞིང། འཇིག་རྟེན་གྱི་བྱ་བཞག་དང་། ཀློག་ལ་མཁས་པ། སྐབས་རེ་ཞོ་སྐྲོགས་པ་ན་དར་བའི་ནང་མར་གྱིས་ཁེངས་པ་དང། ཆང་སླ་རེ་ལ་རྩགས་ཚད་ཆང་དུ་ཡོང་པ་རྩོལ་ལེ་བྱུང་པས་གྲོང་མི་རྣམས། འདི་རང་མཁའ་འགྲོ་མ་ཁྱད་པར་ཅན་གཅིག་ཡིན་པ་འདྲ་ཟེར་བ་གཅིག་ཡིན་འདུག་པའི་ལྷུམས་སུ་ཞུགས་པ་ན། ཡུམ་ལ་ཕྱོགས་བཅུའི་དཔའ་བོ་