R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢བ
[A:༢བ] རྒྱས་པའི་ཕྱིར། སྤྲུལ་པའི་སྐུ་དུ་མས་རང་རང་གི་སྐལ་བ་དང་འཚམ་པའི་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད་དེ། འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ནས་མགོན་པོ་མ་ཕམ་པ་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་ཉན་ཐོས་ཀྱི་ཆ་ལུགས་བཟུང་ནས་ཐུབ་པའི་བསྟན་པ་བསྐྱོང་པར་ཡང་བཞེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངལ་དུ་འཇུག་པ་དང་དམྱལ་བར་གཤེགས་པ་ནི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་རྣམ་པར་བརྟག་པར་མི་ནུས་ཏེ། དྲི་མེད་འོད་ལས། ཕ་རོལ་དུ་ཕྱིན་པ་བཅུ་བསྒྲུབས་པས། ས་བཅུའི་དབང་ཕྱུག་དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པའི་སྐུ་དུ་མ་དག་གིས་བྱང་ཆུབ་སེམས་དཔའི་གདུལ་བྱ་རྣམས་ལ་བྱང་ཆུབ་སེམས་དཔའི་ཆོས་སྟོན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་པ་དེ་ལྟ་བུ་ནི་དུ་མ་མ་ཡིན་ནོ། དེ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དུ་མ་རྫོགས་ཤིང། མི་འཇིགས་པ་ལ་སོགས་པ་དབང་ཕྱུག་གི་ཡོན་ཏན་ཕུན་གསུམ་ཚོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ། སྒྱུ་མའི་སྤྲུལ་པའི་སྐུ་དྲི་མ་བྲལ་བ་མཐའ་ཡས་
པ་
དག་གིས། སེམས་ཅན་མཐའ་ཡས་པ་མཐའ་ཡས་པ་དག་གིས་སྐད་རིགས་མཐའ་ཡས་པ་མཐའ་ཡས་པ་དག་གིས་གསོལ་བ་འདེབས་པ་པོ་སྣང་ངོ་རྣམས་ཀྱིས་གསོལ་བ་འདེབས་པ་ན། སེམས་ཅན་གྱི་སྐད་ལ་རབ་ཏུ་འཇུག་པ་ཐམས་ཅད་མཁྱེན་པའི་སྐད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་བསྟོན་པར་མཛད་དེ། ཐམས་ཅད་མཁྱེན་པ་ནི་དུ་མ་མ་ཡིན་ནོ། ཞེས་གསུངས་པ་དང། རྡོ་རྗེ་གུར་ལས། འཇིག་རྟེན་འདུལ་བར་གྱུར་བྱས་ནས། འདི་ནི་གཟུགས་རྣམས་དུ་མར་བྱེད། རི་བོང་སྟག་དང་སེང་གེ་དང། གླང་པོ་རྣམས་ཀྱི་རིགས་རྣམས་སུ། ཕྱག་རྒྱ་གྲུབ་པའི་སྙིང་རྗེ་ཡིས། ཕན་པའི་བློ་ཅན་རྣམས་སྐྱེ་བོ། ཞེས་གསུངས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི། ཐུགས་རྗེ་ཆེན་པོས་གདུལ་བྱ་རང་རང་གི་བློ་དང་འཚམ་པའི་སྐུ་རུ་སྣང་ནས་