R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༢བ
[A:༢༢བ] ནུས་པ་འདྲན་པ་རེའང་མཛད། ཡང་ཨུ་རྒྱན་པ་ལ། རྗེའི་ཞལ་ནས། ཨེ་ཨུ་རྒྱན་པ་ཁྱོད། ངའི་སར་མི་ཡོང་པར། སིལ་མ་ལ་ལ་འབྱོན་འདོད་ཅིང་སྣང་རེ། སྟག་གྲུ་ཁ་ནས་ངའི་བྱང་ཆུབ་ཀྱི་སེམས་དང། དཔལ་བོ་དང་མཁའ་འགྲོ་ཆོས་སྐྱོང་དང་། རྡོ་རྗེ་རྒྱལ་པོ་རྣམས་ཀྱིས་རང་དབང་མེད་པར་དབང་དུ་བསྡུས་པ་ཡིན་ཨེ་གོ་གསུང། ཡང་ཀརྨ་པའི་གསུང་གིས། དགེ་བཤེས་དབང་སྐྱབས། ཆོས་སྐྱོང་ལ་གཏོར་མ་ཐོང་། རྔ་རྡུངས་དུང་བུས། ཨ་རིངས་ཐོན་ལ། ཨུ་རྒྱན་པ་འདིར་བྱོན་ཡོད་པས། ཚུར་ཕུ་ན་རན་ཏ་ཡོད་པ་ཐམས་ཅད་དགའ་བ་བསྒོམས། འབུལ་བ་གྱིས་ཆོས་ཞུས་གསུང། ཨུ་རྒྱན་པ་དཔོན་སློབ་རྣམས་ཀྱིས། ཀརྨ་པའི་གཟིགས་ཁང་གི་བརྟེན་གསུམ་ལ་ལྟས་པས། ཀརྨ་པའི་ཞལ་ནས་ཨུ་རྒྱན་པའི་སློབ་མ་ཁ་འཁྱགས་ཚོ། ཅི་ལ་ལྟ། ལྟ་ན་བླ་མའི་ཞལ་ལ་ལྟོས། ངེད་ཀྱི་ཞྭ་ནག་འདི་ཨོ་རྒྱན་པ་ལ་དཀོན། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་བྱེད་པ་ཡིན་གསུང་ནས། ཀ་ཏོ་ར་ནས་ཀྱིས་བཀང་ན་ལ་སྦ་ལྕགས་གཙུག་ནས་དབུ་ཐོག་དུ་གཞག་ཏེ། ཕྱག་ལྕག་དང་བཅས་པ་ཕྱག་དུ་བཏད་དེ། ཐུགས་ནུར་མཛད་ནས་འདི་གསུང། འོ་ཀོལ་གཉིས་སྐྱེ་བ་དུ་མའི་དཔོན་སློབ་ཡིན། ངའི་མགོ་འདོན་ཀྱང་ཁྱོད་ཀྱིས་བྱེད་དགོས། ཁྱོད་ཀྱི་གདུལ་བྱ་ཉི་མ་ལྷོ་རྒྱུད་ན་ཡོད་པས། དེར་ངའི་རྒྱལ་བ་རྒྱ་མཚོ་དང། སྙིང་པོ་ཡི་གེ་དྲུག་པ་དང། སྐུ་གསུམ་ངོ་སྤྲོད་ཀྱིས་འགྲོ་དོན་མཛད་དེ། དགེ་བསྙེན་རྡོ་རྗེ་རྒྱལ་པོས་ཀྱང་ཨུ་རྒྱན་པའི་ཕྲིན་ལས་བསྒྲུབས་གསུང། དེ་དུས་ཨོ་རྒྱན་པའི་དགོངས་པ་ལ། ངའི་མགོ་འདོན་ཁྱོད་ཀྱིས་བྱེད་དགོས་གསུང་པ་འདི་ཅི་ཡིན་ན་དགོངས་པའང་བྱུང། ཀརྨ་པའི་དྲུང་དུ་ཨུ་རྒྱན་པས། ཁྱོད་ཀྱི་རྒྱུད་པ་འདི་ལ་ཞ་ནག་ཅན་དུ་འབྱོན་ཞུས་པས། གྱ་པ་གངས་པས་གུ་བ་བྱས། དེའི་སྐྱེ་མཆེད་ལ་བརྟེན་ནས་ཞ་
ནག་
པོ་ཅན་གྱི་རྒྱུད་པ་བཅད། འོན་ཀྱང་