R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༣ན
[A:༢༣ན] ཉི་མ་ལས་སྟོད་ཀྱི་ཕྱོགས་ནས་ཞ་ནག་པོ་ཅན་གཅིག་ཡོང་ཡོད་པ་ཡིན། རང་བྱུང་རྡོ་རྗེ་ལུང་བསྟན། དེ་ནས་ཨུ་རྒྱན་པས་དམྱལ་སྟོད་དམྱལ་སྨད་སོགས་སུ་འགྲོ་དོནརྒྱ་ཆེན་པོ་མཛད། གཙང་ཕྱོགས་ལ་ཐེགས་པའི་ལམ་དུ། རྗེ་ཀརྨ་པ་ཆེན་པོ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་བརྟགས་དང། སྐད་ཆའང་བསན། བྷུད་ཏྲར་ཕེབས། བཅུ་གཅིག་ཞལ་གྱི་ཐང་ཀ་སྐུམ་ཁྲུ་གང་ཙམ་ཡོད་པ་གཅིག་འདུག་པ་དེའི་དྲུང་དུ། རྗེ་ཀརྨ་པ་སྐུ་གར་སྐྱེ་གཞེས་ཀྱི་གསོལ་བ་བཏབ་པས། དེའི་ཐུགས་ཁ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ། ར་དུང་གི་དབྱིབས་ཅན་གཅིག་ལ་སྟོད་ཕྱོགས་ལ་སོང། ད་འདི་གར་དགུག་དགོངས་ནས་གཞུགས་པ་ན། ནང་གཅིག་མུ་ཕུག་ནས་བརྟན་བསྲུང་ངེ་ཞེས་བྱ་བ་གཟའ་མི་གཉིས་བྱུང་པ་ལ། རྗེ་གྲུབ་ཐོབ་ཨུ་རྒྱན་པའི་ཞལ་ནས། འདང་རིན་པོ་ཆེ་ཀརྨ་པ་དང་འཇལ་བ་རྨིས་གསུང། ཁོང་གཉིས་ན་རེ། མུ་ཕུག་ན་ཇ་དགས་བྱེད་པ་གཟའ་མི་གཉིས་བུ་གཅིག་དང་གསུམ་གདའ་བ། བུ་དེ་ཀརྨ་པ་ཡིན་ཟེར་གྱི་གདའ། དེ་ལ་ལྟ་བ་མ་ལགས་སམ། ད་ནང་བདག་གཉིས་ལྷན་དུ་ཡོངས་ནས། གླིང་ཁའི་སྤྱིལ་པོ་གཅིག་ཏུ་ཐལ་ཟེར། འོ་ན་དེ་ཡིན། ད་ལྟ་རང་ཁུག་ཤོག་གསུང་ནས་གཅིག་གིས་གདན་འདྲེན་དུ་ཕྱིན། བསྟན་འཐོན་པོ་རྩིགས། ཀརྨ་པ་ཡིན་ན་མི་སྐྲག་པར་གདོད་གསུང། དེར་བསྟན་བཤམ་
པ་
བུས་སྤོས་སྟེགས། ཚོགས་པ་རྣམས་ཀྱང་ནང་དུ་འདུས་ནས་བྱོན་པ་ལ། གྲུབ་ཐོབ་པས་ཁྱོད་སུ་ཡིན་ཅེས་འུད་བཏང་པ་ན། ང་མིང་ཡོངས་སུ་གྲགས་པ་ཀརྨ་པ་གསུང་ནས། ཕྱག་གཡས་ནམ་མཁའ་ལ་རྐྱང། ནམ་ཟ་ཆུང་པ་ཕྲག་པ་གཡོན་པ་ལ་བཀལ་ནས་སྟན་གྱི་སྟེང་དུ་བྱོན་པ་དང། ཡང་གྲུབ་ཐོབ་པ་ཡིན་ན་ཅི་དྲན་ཟེར་བ་ལ། ང་མའི་ལྷུམས་ན་ཡོད་པའི་དུས། འཆི་མེད་ཀྱི་འཕྲུལ་འཁོར་བྱས་པས། མ་ན་རེ། ཕ་ལ་རྨི་ལྟས་བཞིན་ཡིན་ན། ངའི་འདི་དགའ་མོས་ཡོང་རྒྱུ་ཡིན་པ་ལ། བུ་མོ་