R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༢ན
[A:༢༢ན] མང་པོ་བྱོན་པ་ཡིན་ཟེར་བ། ཁྱེད་དང་འགའ་རེ་འཇལ་ལམ་ཞུས་པས། འདི་གསུང། དེ་དུས་ལྷོ་ཕྱོགས་ཛ་ལན་དྷ་རའི་གྲོང་ཁྱེར་ན་རྒྱལ་པོ་ཟླ་བ་རྣམ་པར་མནོན་པ་ཞེས་པ་བྱ་བ། ཧ་ཧ་སྒྲོག་པའི་དུར་ཁྲོད་དུ་ཚོགས་འཁོར་བྱས། གྲུབ་ཐོབ་མངོན་ཤེས་དང་རྫུ་འཕྲུལ་མངའ་བ་རྣམས་པ་གསོལ་བ་བཏབ་པས། རྒྱ་གར་གྱི་གྲུབ་ཐོབ་བཞི་དང་།བོད་ཀྱི་གཉིས་ཏེ་མི་ཏྲ་ཛོ་ཀཱི་ན་རོ་དྲུག་བྱོན་ཟེར། རྒྱ་གར་གྱི་སུ་ལགས་དྲིས་པས། ཨིནྜ་བོ་དྷི། ཛ་ལན་དྷ་ར། ནག་པོ་སྤྱོད་པ། ཤིང་ལོ་པ་དང་བཞིའོ། བོད་གཉིས་ནི་དྷརྨ་ཀིརྟི་དང་། དྷརྨ་ཤི་ལ་ཡིན་གསུང། དེ་གཉིས་གང་ལགས་ཞུས་པས། ཆོས་ཀྱི་ཚུལ་ཁྲིམས་ནི་འཆི་བ་མེད་པའི་གདམས་ངག་ཡོད། མངའ་རིས་ན་ལྷ་ཁང་གཅིག་ལ་བརྟེན་ནས་སེམས་ཅན་གྱི་དོན་མཛད། ཤྲི་དྷརྨ་ཀིརྟི་ནི་བོད་སྐད་དུ་དཔལ་ཆོས་ཀྱི་གྲགས་པ་བྱ་བ། ལམ་རྩ་རླུང་ལ་བསྟེན་ནས་ཕྱག་རྒྱ་ཆེན་པོ་གཅིག་ཆོད་ཀྱི་གདམས་པ་ཡོད་དེ། བོད་ཡུལ་སྨད་ན་བཞུགས། ཡོངས་སུ་གྲགས་པའི་མཚན་བླ་མ་དབུ་སེ་བྱ་བ་ཡིན་གསུང་ནས། ལུང་བསྟན་པ་བཞིན་དབུས་ལ་དགེ་བཤེས་ཀྱིས་བྱོན། རིན་པོ་ཆེ་པའི་དྲུང་དུ་ཕེབས། དཔོན་གྲགས་སེང་བྱ་བའི་ཁྱིམ་དུ་ཚོགས་འཁོར་ལ་སྤྱན་དྲངས། སྔར་གྱི་ལོ་རྒྱུས་རྣམས་ཞུས་པས། ཞལ་ནས་ཨ་ཙ་ར་གསུམ་པོ་དེ། ཨིནྜ་བོ་དྷི་བར་པ་དང། ཤིང་ལོ་པ་དང། ནག་པོ་སྤྱོད་པ་གསུམ་ཡིན། ཁྱོད་ལ་གདམས་ངག་བཤད་མི་དེ་ང་ཡིན། གདམས་ངག་དེ། རྣམ་བཞི་རྒྱུད་གྲོལ་བྱིན་རླབས་ནུས་འདོན་བྱ་བ། ཨིནྜ་བོ་དྷི་ལ་ཞུས་པ་ཡིན། ཚོགས་འཁོར་གྱི་ཚོགས་དཔོན་ནི་ནག་པོ་སྤྱོད་པ་ཡིན་གསུང་བ་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་མངའ་བ་དེའི་སྐུའི་སྐྱེ་བ་ནི། རྗེ་ཀརྨ་པ་ཉིད་ཡིན་ལ། དེ་ཡང་གྱ་པ་གངས་པས་སྟོད་ལུངས་འཚུར་ཕུར། དཔལ་འབྲི་ཁུང་ཐེལ་པ་ལ། བེར་གཅིག་རྟ་རྒོད་མ་གཅིག་གི་འབུལ་ཟན་བླངས་ནས་ཕུལ། དེས་རྟེན་འབྲེལ་ཅུང་ཟད་འཕྱུགས་