R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༡བ
[A:༢༡བ] པ་ལ་ཐ་དད་མཆོག་དམན་དུ་སྟོན་པ་དང། དུས་མཉམ་པ་དང། མི་མཚུངས་པ་ལ་སོགས་པའི་འགལ་བར་སྣང་བ་རྣམས་ནི། ཟབ་མོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་ལྟ་བའི་བློ་གྲོས་ཀྱི་མིག་དང་བྲལ་བ་རྟོག་གེས་མངོན་པར་ཁེངས་པའི་བྱིས་པ་རྣམས་ལ་ཏེ། དེ་ནི་ལེགས་པའི་ཡེ་ཤེས་ཐུགས་རྗེའི་ཕྲིན་བསམ་གྱིས་མི་ཁྱབ་པ་རྣམས་ལ་མོས་པ་ལམ་དུ་བྱེད་པ་དག་ནི། འདི་ལྟ་བུའི་སྤྲུལ་པ་བྱེ་བ་ཕྲག་དུ་མ་ལ་ཐེ་ཚོམ་གྱི་བློ་འཇུག་པར་མི་འགྱུར་རོ། དེའི་རྒྱུ་མཚན་མདོ་དང་རྒྱུད་སྡེ། བླ་མ་རྣམས་ཀྱི་གསུང་སྒྲོས་རྣམ་ཐར་ཆེན་པོ་རྣམས་ལས་གསལ་བར་འགྱུར་མོད་ཀྱི། འདིར་ཡི་གེ་མངས་པས་མ་བྲིས་ལ། མདོར་དྲིལ་ན། རྗེ་དུས་གསུམ་མཁྱེན་པ་ཉིད་ནི། རྨི་ལམ་གྱི་སྒོ་ནས་གྲུབ་ཐོབ་རྩོད་མེད་དུ་གྲགས་རེ། སྒམ་པོར་ཆོས་ཐམས་ཅད་རྨི་ལམ་སྒྱུ་མར་གཟིགས་དུས། ལྷ་རྗེའི་ཞལ་ནས་ཁྱོད་ཀྱིས་མངོན་དགའི་འཕོ་བ་བགྱིས་གསུང། ཀརྨ་པས་ཀྱེཻའི་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ནམ་མཁའ་ལ་སྒྱུ་མ་རྩམ་དུ་སྤྲུལ་ནས། བླ་མ་ཉིད་ཀྱང་ལྷ་དགུར་སྤྲུལ་ནས་ནམ་མཁའ་ལ་གཞུགས་པའི་ཐུགས་ཀར་ཐིམ་པ་བྱས། ལྷ་མོ་རྒྱད་ཀྱང་ཛ༔ཞེས་པས་བདག་ལ་བསྡུས་ནས་ནམ་མཁའ་ལ་ཡལ་བར་བྱས་པས། བླ་མ་ལྷ་རྗེ་དགྱེས་ནས་མཐུན་འགྱུར་གནང། དེ་ལ་སོགས་པའི་སྤྲུལ་སྒྱུར་དང། དུས་གསུམ་གྱི་རྣམ་པ་མངོན་སུམ་གཟིགས་པས། དུས་གསུམ་མཁྱེན་པར་ཡང་གྲགས། སྟོད་ལུངས་ལྷ་ལུང་དགོན་པར་བཞུགས་དུས། རིན་པོ་ཆེའི་ཞལ་ནས་འདང་རྒྱ་གར་གྱི་དུར་ཁྲོད་གཅིག་ན། རྒྱ་གར་གྱི་རྣལ་འབྱོར་པ་འགའི་ཚོགས་གྲལ་དུ་ཕྱིན་པ་རྨིས་གསུང་ནས། དུས་དེ་དང་མཚུངས་པར་ལས་སྟོད་གཙུག་ལག་ཁང་གཅིག་ན། དགེ་བཤེས་གཅིག་ཐང་པ་གྲུབ་ཅིང་ཡོད་རྩམ་ན། དེའི་སྣང་པ་ལ། ཨཙརྱ་རས་རྐྱང་གནོད་པ་ལག་ན་ཐོད་པ་ཐོགས་པ་གསུམ་དང། བོད་ཀྱི་རྣལ་འབྱོར་པ་རས་རྐྱང་གནོད་པ། རྐྱང་རྗེན་ལག་ན་རའི་བེར་མ་ལྕགས་ཐོགས་པ། དུང་གི་རྣ་རྒྱན་ཡོད་པ་ལེ་དྲུག་བཀླ་ལེན་པའི་ཚད་དོ་གཅིག་རང་གཅིག་བྱུང། དེ་ནས་བོད་དེ་དང། དགེ་བཤེས་སླའེ་མང་དུ་བྱས། ཁྱོད་གང་ནས་བྱོན་དྲིས་པས་རྡོ་རྗེ་གདན་ནས་སོ། ཁ་ཆེ་ནས་པུ་ར་ས་ལྟར་ལམ་བྱུང་གསུང། འོ་ན་བྱ་ལོའི་དུས་སུ་གྲུབ་ཐོབ་