R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༡༦བ
[A:༡༦བ] མ་འཇོག། ཚིག་གཞུག་དེ་ཡི་མ་མཐའ་ཐུག་མེད་འགྱུར། སྦད་འདྲེ་དེ་ཡི་ནུས་པ་དེ་ལྟར་བས། བྱད་མཁན་འགའ་ཞིག་ཙབ་ཙུབ་ལངས་པའང་བདེན། ཞེས་པ་བྲིས་ནས་ཡོད་ཙ་ན། སློབ་དཔོན་ཤག་ཡོན་ན་རེ། འདི་འདྲ་མཛད་ན་རྒྱ་ཆེས་འགྲོ། མི་ཐད་ཟེར། དེ་ནས་ཡི་གེ་བསྡུས་པ་ཡིན་གསུང། གཞན་ཡང་རྩོད་པ་བྱས་པ་ལ་ཕམ་པ་འོང་མ་མྱོང་གསུང་སྟེ། རྣམ་གྲངས་མང་བར་འདུག་ནའང་ཡི་གེ་མངས་པས་འཇིགས་ནས་མ་བྲིས་པ་ལགས། དབང་བཞིའི་དམ་ཚིག་སྟོབས་ལྡན་གླང་ཆེན་ཕྱིབས། རིམ་གཉིས་གོ་བགོས་བརྩོན་འགྲུས་ཤུགས་ཀྱིས་བསྐྱོད། བདུད་བཞིའི་གཡུལ་ལས་རྒྱལ་བའི་དཔའ་བོ་ཆེ། དབང་བཅུ་མངའ་བརྙེས་ཆོས་རྗེའི་ཞབས་ལ་འདུད། དེའང། གསང་སྔགས་ཕྱི་ནང་གི་གདམས་པ་ཐོབ་པའི་བླ་མ་བསམ་གྱིས་མི་ཁྱབ་པ་མང་བར་ཡོད་ནའང། དེ་རྣམས་ཀྱི་ནང་ནས། ཀུན་མཁྱེན་བདེ་ལེགས་དཔལ་བའི་དྲུང་དུ། ཨ་བྷ་ཡའི་རྡོ་རྗེ་ཕྲེང་བ་ལ། འཇམ་རྡོར་ལྷ་ཉེར་དགུ། ལྷ་བཅུ་དགུ་མ། འཕགས་ལུགས་ལྷ་གསུམ་བཅུ་རྩ་གཉིས། རྡོར་སེམས་ལྷ་སོ་བདུན། ཀྱེ་རྡོར་ཕྱག་གཉིས་པ། ཕྱག་བཞི་པ། ཕྱག་དྲུག་པ། ཞལ་བརྒྱད་ཕྱག་བཅུ་དྲུག་པ། བདག་མེད་ལྷ་ཉེར་ལྔ་པ། བཅོ་ལྔ་པ། ཀུ་རུ་ཀུ་ལེའི་ལྷ་མོ་བཅོ་ལྔ། རྡོ་རྗེ་བདུད་རྩི་ལྷ་ཉེར་གཅིག། ཧཱུྲཾ་མཛད་ལྷ་ཉེར་ལྔ། ཁྲོ་བོ་བདུད་རྩི་ལྷ་ཉེར་ལྔ། བདུད་རྩི་འཁྱིལ་པ་ལྷ་བཅུ་གསུམ། ཡང་ཀྱེའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞལ་གཅིག་ཕྱག་བཞི་པ། ཞལ་གསུམ་ཕྱག་དྲུག་རྣམས། ལྷ་མོ་བརྒྱད་ཀྱིས་བསྐོར་བ། མ་ཧཱ་མ་ཡཱ་ལྷ་ལྔ། སངས་རྒྱས་ཐོད་པ་ལྷ་དགུ། ཧཱུཾ་མཛད་ལྷ་བཅུ་གཅིག། འཇམ་རྡོར་དང། རྡོར་སེམས་ཁྲོོའོ་བཅུས་བསྐོར་བ། བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ། ཞལ་གཅིག་ཕྱག་གཉིས་པ། ཡང་ཞལ་གཅིག་ཕྱག་གཉིས་པ། ཕག་མོ་ཞལ་གཉིས་མ། ཞལ་གཅིག་མ་གཉིས། ལྷ་སོ་བདུན་གྱིས་བསྐོར་བ། དཔལ་ཧེ་རུ་ཀ་ལྷ་ཉེར་ལྔ། དཔལ་རྣལ་འབྱོར་ནམ་མཁའ། གཤིན་རྗེ་ལྷ་བཅུ་གསུམ། སྒྲོལ་ལ་ལྷ་ཉེར་དགུ། འོད་ཟེར་ཅན་ལྷ་ཉེར་ལྔ།