R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༡༧ན
[A:༡༧ན] གཟུངས་གྲལ་ལྔ། རྡོར་དབྱིངས་ཞལ་གཅིག་ཕྱག་གཉིས་པ། ཞལ་བཞི་ཕྱག་བརྒྱད་པ། འཇམ་རྡོར་ལྷ་ཞེ་གསུམ། ཤཀ་ཐུབ་རྩ་བའི་ལྷ་སུམ་བཅུ་རྩ་བདུན། འབྱུང་འདུལ། འབྱུང་པོའི་དབང་ཕྱུག། ཁྲོ་བོ་ལྔ། འཁོར་ལོས་སྒྱུར་བ། ཡེ་ཤེས་མཁའ་འགྲོ་ཞལ་གཅིག་ཕྱག་བཞི་མ། ཞལ་གསུམ་ཕྱག་དྲུག་མ། ཞལ་ལྔ་ཕྱག་བརྒྱད་མ། ཞལ་བཞི་ཕྱག་བཅུ་གཉིས་མ། ཞལ་བརྒྱད་ཕྱག་བཅུ་དྲུག་མ། དཔལ་དུས་ཀྱི་འཁོར་ལོ་རེ་དལ་བདུན་བཅུའི་དབང་བཀའ་དབང་གི་སྙེ་མའི་ངོ་སྤྲོད། གཙུག་གཏོར་རྣམ་རྒྱལ་གྱི་རྗེས་སྣང། གཙུག་གཏོར་དྲི་མེད་ཀྱི་རྗེས་སྣང། རྟ་མགྲིན་ནག་པོའི་བྱིན་རླབས། ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་རྒྱལ་བ་མཆོག་དབྱངས་ཀྱི་ཆོས་སྐོར། འཇམ་དབྱངས་ཨ་ར་པ་ཙ་ལྷ་ལྔ། ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་པ་རྟག་པ་སྣང་བའི་བརྒྱན། བདེ་མཆོག་ལོ་ནག་གཉིས་དང། བདེ་མཆོག་དཀར་པོ། བདེ་མཆོག་དཀར་དམར་མཐིང་གསུམ་གྱི་དབང། མི་གཡོ་བ་བླ་མེད་ལྷ་དགུ། སྒྲོལ་མའི་མཚན་བརྒྱའི་བསྟོད་པ། སྤྱན་རས་གཟིགས་ཀྱིས་མཛད་པ། དེའི་རྗེས་སྣང། གཟུངས་ཀྱི་རྗེས་སྣང། དེའི་སྒྲུབ་ཐོབས། སྒྲོལ་མ་སྤྱིའི་བསྒྲུབ་ཐབས།ཕྱག་འཚལ་ཉེར་གཅིག། སོ་སོའི་སྒྲུབ་ཐབས། སྒྲོལ་མའི་ལས་ཚོགས་ཉེར་དྲུག། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་མ་སོ་སོའི་བཀའ། སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས། གཙུག་དགུ་ལ་རྟེན་པའི་ངན་སོང་སྦྱོང་དཀྱིལ། ན་རོ་མཁའ་སྤྱོད་ཀྱི་དབང། མི་ཏྲི་མཁའ་སྤྱོད་ཀྱི་བྱིན་རླབས། ཕག་མོ་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་དང་རྗེས་སྣང། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། གཞུང་དྲུག་དང་བྱིན་རླབས། ཞལ་གཅིག་མ་དམར་མོ། ཞལ་གཉིས་མ་ཆུང་བ། ཀག་ཆོལ་འདོད་རྒྱལ་གྱི་སྐོར། ཀུ་རུ་ཀུ་ལེའི་སྐོར། ཕྱག་རྡོར་འཁོར་ཆེན། ཕྱག་རྡོར་གཏུམ་པོ། ཕྱག་རྡོར་མདོ་ལུགས། རྣམ་འཇོམ་མཐིང་ནག། རྣམ་འཇོམ་བ་རིང་ལུགས། རྣམ་འཇོམས་དཀར་པོ་ལ་སོགས་པ་དང། བུ་སྟོན་རིན་པོ་ཆེས་མཛད་པའི་སྦྱོར་དྲུག་གི་ཐོག་མཐའ་བར་གསུམ་གྱི་ཁྲིད་ཡིག། ངོ་སྤྲོད་ཅེར་མཐོང་།