R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 125
[A:125]པ༑ འབྲིང་པོ་ཡན་ལག་དྲུག་པ། བདག་མེད་མའི་མངོན་རྟོགས། ཕྱི་བསྐྱེད་པའི་རིམ་པ་མདོར་བསྡུས་པ་སྟེ་བཞིའོ། །བཞི་པ་ལ། རྩ་ལྟུང་འཁྲུལ་སྤོང༌། བདུད་རྩི་རིལ་བུ་སྒྲུབ་པའི་ཆོ་ག །ཚོགས་འཁོར། ལས་བཞིའི་སྦྱིན་སྲེག་སྟེ་བཞིའོ། །ལྔ་པ་ལ། བྱུང་རྒྱལ་དུ་མི་བཏང་བའི་གནད་རྣམ་པ་བཞི། བསམ་གཏན་འདོར་བའི་འཕྲང་བདུན་བསལ་བ། འབྱུང་བ་ལུས་འཁྲུགས་རླུང་དང་སྤྱོད་ལམ་གྱིས་བསལ་བ། རྣལ་འབྱོར་ཕྲིན་ལས་སུམ་ཅུ་རྩ་གཉིས་ཏེ་བཞིའོ། །དེ་དག་ལ་འཕྲོས་དོན་ཞེས་པའི་རྒྱུ་མཚན་ནི། གོང་བཅུ་གསུམ་པོ་འཁོར་འདས་ཐུན་མོང་ལས་འཕྲོས་ལ། འོག་གགས་སེལ་རྣམས་འཁོར་འདས་ཐུན་མོང་དང༌། འཁོར་ལོ་འཆམ་པ་གཉིས་ཀ་ལས་འཕྲོས་པས་སོ། །གཉིས་པ་ནི། ལམ་འབྲིང་པོའི་ཡི་གེ་གཅིག་གོ །གསུམ་པ་ནི། ལམ་བསྡུས་ཏེ་སྒྲུབ་པའི་ལུང་སྦྱིན་པའི་ཡི་གེ་གཅིག་གོ །གཉིས་པ་དེ་གསུམ་གའི་ཐུན་མོང་གི་ཆོས་བསྟན་པ་ལ། ཉམས་སུ་བླང་བའི་ཆོས། རྟོགས་པ་བསྐྱེད་པ། རྟོགས་པ་གསལ་བྱེད་དེ་གསུམ། དང་པོ་ལ། གཞུང་ཇི་ལྟ་བ་བཞིན་བཀྲི་བ། དབང་པོ་རབ་འབྲིང་གསུམ་བཀྲི་བ། གནད་དྲུག་གིས་བཀྲི་བ། གནད་བཅུ་གཅིག་གིས་བཀྲི་བ་སྟེ་ཁྲིད་ཡིག་བཞིའོ། །གཉིས་པ་ལ། ལམ་འཇུག་ལྡོག །ཕྱག་རྒྱ་འཇུག་ལྡོག །ཤེས་པས་ཕན་འདོགས་པའི་མན་ངག་བདུན། ལམ་སྲེ་བ་འགྲོས་བཞི་དང་བཅས་པ། ཕྱི་ནང་གི་མཛད་པ་བཅུ་གཉིས་ཏེ་ལྔའོ། །གསུམ་པ་ལ། ཕྲིན་ལས་སོ་གཉིས་ཀྱི་དཔེ་ཆུང༌། འཆི་ལྟས་བརྟག་པའི་འཁོར་ལོ་གཉིས། རྩ་འཁོར་ལོ་བཞིའི་དཔེ་ཆུང༌། གགས་སེལ་གཞན་གྱི་དཔེ་ཆུང་གཉིས། བྷ་གའི་ཡི་གེ་བཅུ་བཞིའི་དཔེ་ཆུང་སྟེ་ལྔའོ། ། གཉིས་པ་ཟབ་འབྲིང་ཐ་གསུམ་བསྟན་པ་ལ། ཟབ་འབྲིང་ཐ་གསུམ་ལས། དང་པོ་ནི། ལམ་ཟབ་མོ་བླ་མའི་རྣལ་འབྱོར་དབུ་དབྱུང་མ་ཞེས་ཡི་གེ་གཅིག་ཡོད་ལ། གཉིས་པ་འབྲིང་དམ་ཚིག་དང་སྡོམ་པའི་ལམ་དང༌། གསུམ་པ་ཐ་མ་ལུས་སོ་སོར་བརྟག་པའི་