R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 124
[A:124]གཉིས་བཤད། འཁོར་ལོ་བསྐོར་བ་གསལ་བྱེད་གསུམ་བཤད། ཐུན་མོང་དུ་གསལ་བྱེད་གཅིག་བཤད་པ་སྟེ་བཞི་ལས། དང་པོ་ལ། རྒྱུད་གསུམ་གསལ་བྱེད། ཚད་མ་གསལ་བྱེད། གདམས་ངག་གསལ་བྱེད། རྟེན་འབྲེལ་གསལ་བྱེད། བར་ཆད་བསྲུང་བ་གསལ་བྱེད་དེ་ལྔ། དང་པོ་ནི། ཀུན་གཞིའི་ཡིག་ཆུང༌། གདན་གྱི་ཡིག་ཆུང༌། ལུས་དཀྱིལ་ཡི་གེ ། འཆི་ལྟས་བརྟག་པ་འཆི་བླུ་དང་བཅས་པ། སྣང་བ་བསྒྱུར་བའི་འདའ་ཁ་མ། གསང་དབང་གི་ཐིག་ལེའི་རྣལ་འབྱོར། ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་ཉིད། དབང་བཞི་པའི་ཕྱག་རྒྱ་ཆེན་པོ་ནས་འཕོ་བ། ཞར་བྱུང་བར་དོའི་ཡིག་ཆུང༌། ལམ་དབང་རྒྱས་པ་སྟེ་བཅུའོ། །གཉིས་པ་ནི། ཚད་མ་བཞིའི་ཡི་གེ །གསུམ་པ་ནི། གདམས་ངག་དྲུག་གི་ཡི་གེ ༑བཞི་པ་ནི། རྟེན་འབྲེལ་ལྔའི་ཡི་གེ །ལྔ་པ་ལ། གྲིབ་སེལ་སྦྱིན་སྲེག །གྲིབ་མ་ཁྲུས་དང་ཚ་ཚས་སེལ་བ། འཛག་པ་དྲུག་སེལ་བ། ཡིག་བརྒྱ་འདོན་ཐབས་ཏེ་བཞིའོ། ། གཉིས་པ་འཁོར་ལོ་འཆམ་པ་ལ། རླུང་སྦྱོར་བདུན་གྱི་ཡི་གེ་དང༌། བྷ་གའི་ཡི་གེ་བཅུ་བཞི་གསལ་ན་གཉིས་སོ། །གསུམ་པ་འཁོར་ལོ་བསྐོར་བ་ལ། འཁོར་བཞིའི་རྒྱ། དབང་ཕྱུག་གི་དོན་བརྒྱད། ས་བཅུ་གསུམ་པའི་ཕྱེད་ཀྱི་མངོན་རྟོགས་ཏེ་གསུམ་མོ། །བཞི་པ་ཐུན་མོང་གི་གསལ་བྱེད་ནི། དེ་ཐམས་ཅད་ཀྱི་བསྡུས་དོན་རྣམ་འགྲེལ་ཨ་སེང་མའོ། །གཉིས་པ་གུད་དུ་གསུངས་པ་དང་བཅས་པའི་འཕྲོས་དོན་བཅུ་བདུན་བཤད་པ་ལ། ལྟ་བའི་ཡི་གེ ༑དབང་གི་ཡི་གེ །བསྐྱེད་རིམ་གྱི་ཡི་གེ །དམ་ཚིག་གི་ཡི་གེ །གགས་སེལ་གྱི་ཡི་གེ་སྟེ་ལྔ༑ དང་པོ་ནི། འཁོར་འདས་དབྱེར་མེད་ཀྱི་རྩ་འགྲེལ་བསྡོམས་པས་གཅིག་གོ །གཉིས་པ་ལ། དབང་ཆུ་ཆེན་པོ། བྱིན་བརླབས་ཀྱི་བརྒྱུད་པ་མ་ཉམས་པ། མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ནས་བསྐུར་བ། དབང་གི་ཆོ་ག་མཐའ་དག་མདོར་བསྡུས་པ་མན་ངག་གི་གནད་དེ་བཞིའོ། །གསུམ་པ་ལ། ཡབ་ཀྱི་མངོན་རྟོགས་རྒྱས་པ་ཡན་ལག་བཞི་