R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 451
[A:451]རབ་བརྟན་ཡན་དགོས་འདོད་འབྱུང་བ་བཞིན། རྡོ་རྗེ་འཆང་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་པུཎྱ་ཞབས། རྡོ་རྗེ་འཆང་རིན་ཆེན་ཆོས་ལེགས། དེས་བདག་གོ །འདུལ་བའི་ལས་ཆོག་དང༌། ཞར་བྱུང་ཁྱིམ་པ་ལ་ཕན་འདོགས་པའི་ལག་ལེན་གྱི་ཆོ་ག་དྲི་མ་མེད་པའི་ཕྲེང་བའི་བརྒྱུད་པ། ཀུན་མཁྱེན་བུ། སློབ་དཔོན་བསོད་ནམས་དཔལ་གྲུབ། ནོར་བཟང་རིན་ཆེན། རིན་ཆེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས། ཆོས་རྗེ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་ནམ་མཁའ་དཔལ་བཟང༌། མཁན་ཆེན་དཔལ་ལྡན་དོན་གྲུབ། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་ཕྲིན་ལས་པ་ལའོ། ༈ །བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་གཏེར་མཛོད་ཀྱི་ལུང་བརྒྱུད། ཀུན་མཁྱེན་བུ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ནོར་བཟང་རིན་ཆེན། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། །བུ་སྟོན་སྙིང་གི་ཐུར་མའི་ལུང་བརྒྱུད་དང༌། རྒྱུད་འབུམ་དཀར་ཆག་དང༌། བཀའ་འབུམ་དཀར་ཆག་རྣམས་ཀྱི་ལུང་བརྒྱུད་ནི། གོང་མ་མ་རྙེད། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། རྗེ་དཀོན་མཆོག་རྒྱལ་མཚན། མཁན་ཆེན་པུཎྱ་ཞབས། རྡོ་རྗེ་འཆང་རིན་ཆེན་ཆོས་ལེགས་བསྟན་པའི་རྒྱལ་མཚན། དེས་བདག་ཕྲིན་ལས་རྣམ་རྒྱལ་ལ་དགྱེས་པ་ཆེན་པོས་སྩལ་ལོ། །འདུལ་བའི་ཞེ་ས་དགུ་ཕྲུགས་ཀྱི་ལུང་ཐོབ་པའི་བརྒྱུད་པ་སླར་འཚོལ། ༈ ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་རྣམ་སྲས་གཏོར་ཆོག་དགོས་འདོད་འབྱུང་བའི་ཞལ་ཤེས་ཀྱི་ལུང་མཁན་ཆེན་ཞ་ལུ་པར་ཐོས། ༈ སྐུ་ཞང་མཁྱེན་རབ་རིན་