R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 450
[A:450]རྒྱལ་མཚན། མཁྱེན་རབ་ཆོས་རྗེ་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། །དཔའ་བོ་གཅིག་སྒྲུབ་རྒྱུད་ལ་བརྟེན་པའི་གནོད་སྦྱིན་ཕོ་མོའི་འཁོར་ལོ་བྲི་ཐབས་བརྒྱུད་པ། གོང་མ་ཚོལ། བཀྲ་ཤིས་རྒྱལ་མཚན་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། །གར་མཁན་མཆོག་གི་རྒྱུད་ལ་བརྟེན་པའི་རྣམ་སྲས་ཀྱི་སྒྲུབ་ཐབས་དགོས་འདོད་འབྱུང་བ། གསང་བདག་གོས་སྔོན་ཅན་ལ་སྤྲོ་བ་ལྔའི་སྒོ་ནས་བསྟོད་པ། རྣམ་སྲས་ཞི་དྲག་གཉིས་ཀྱི་རྗེས་གནང་རྣམས་ཀྱི་བརྒྱུད་པ་ཀུན་མཁྱེན་བུ། མཁས་གྲུབ་བསོད་ནམས་འཕེལ་བ། སྟག་ཚང་ལོ་ཙཱ་ཤེས་རབ་རིན་ཆེན། ཡབ་རིན་ཆེན་རྒྱལ་མཚན་དཔལ་བཟང༌། ཚར་ཆེན་བློ་གསལ་རྒྱ་མཚོ། མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་རྒྱ་མཚོ། དབང་ཕྱུག་རབ་བརྟན། མཁན་ཆེན་པུཎྱ་ཞབས། རྡོ་རྗེ་འཆང་རིན་ཆེན་ཆོས་ལེགས། དེ་གཉིས་ཀས་བདག་གོ །ཡང་ན་དབང་ཕྱུག་རབ་བརྟན་ཡན་གོང་བཞིན་ལ། མཁན་ཆེན་ངག་དབང་ཆོས་གྲགས། ས་སྐྱ་ཁྲི་ཆེན་ཀུན་དགའ་བསོད་ནམས། འཇམ་མགོན་ས་སྐྱ་པ་བསོད་ནམས་དབང་ཕྱུག ། མཁན་ཆེན་པུཎྱ། དེས་བདག་གོ །ཡང་ན་ཀུན་མཁྱེན་བུ། ཐུགས་སྲས་རིན་རྣམ། སྐུ་ཞང་ནམ་མཁའ། ཙནྡྲ་ཤྲཱི། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་ནས། རྡོ་རིངས་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་མན་འདྲའོ། །ཡང༌། གོས་སྔོན་ཅན་གྱི་བསྟོད་པ་དང་ཞི་དྲག་རྗེས་གནང་གི་ལུང་བརྒྱུད་ལུགས་གཅིག་ནི། མཁྱེན་རབ་ཆོས་རྗེ་ཡན་གོང་བཞིན། གཞོན་རྒྱལ་བ། དོན་གྲུབ་རྒྱལ་མཚན། བཀྲ་ཤིས་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། དཀོན་མཆོག་རྒྱལ་མཚན། མཁན་ཆེན་པུཎྱ། རྡོ་རྗེ་འཆང་རིན་ཆེན་ཆོས་ལེགས། དེས་བདག་གོ །འཁོར་ལོའི་བྲི་ཡིག་བརྒྱུད་པ། གོང་མ་ཚོལ། བྱང་གླིང་བཀྲ་ཤིས་རྒྱལ་མཚན་མན་བདེ་མཆོག་ཆོས་འབྱུང་ལྟར་རོ། །རྣམ་སྲས་བསྟོད་ཆེན་རྒྱལ་པོའི་ཐུགས་རབ་ཏུ་མཉེས་པར་བྱེད་པའི་
ལེའུ་བཅུ་གཅིག་
བརྒྱུད་པ། རྡོ་རྗེ་འཆང་དབང་ཕྱུག་