R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 306
[A:306]མ་ཡོན་ཏན་དཔལ། རོང་སྟོན་བློ་བཟང་གྲགས་པ། སྐུ་ཞང་མཁྱེན་རབ་ཆོས་རྗེ། བར་འདིར་བླ་མ་གཅིག་གཉིས་མ་རྙེད། དེ་ནས་སྐུ་ཞང་རིན་ཆེན་བཀྲ་ཤིས། ལྷ་བོ་པ་རིན་ཆེན་རྒྱ་མཚོ། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། ༈ །ཞང་བློན་རྡོ་རྗེའི་རིགས་ཀྱི་བདག་པོའི་ཕྱི་སྒྲུབ་གཙོ་བོ་ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁོར་ལྔ། ནང་སྒྲུབ་གཙོ་བོ་ཞལ་གཅིག་ཕྱག་གཉིས་འཁོར་དགུ། གསང་སྒྲུབ་གཙོ་བོ་ཞལ་གསུམ་ཕྱག་དྲུག་འཁོར་ལྔ་རྣམས་ཀྱི་རྗེས་གནང་སོ་སོར་ཐོབ་པའི་ཡིག་ཆ་ཇོ་གདན་པདྨ་བཟང་པོ། བརྒྱུད་པ་ནི། རྡོ་རྗེ་འཆང༌། གསང་བའི་བདག་པོ། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་བཻ་རོ་ཙ་ན། གཏེར་བཏོན་གྲ་པ་མངོན་ཤེས། པུ་རེང་མགོན་པོ་རིན་ཆེན། དགེ་སློང་སྨོན་ལམ་འབར། གུང་ཆུང་སྟོན་པ། ཤ་མི་སྒོམ་ཆེན། དོལ་པ་བཛྲ་པཱ་ཎི། རྒྱ་བྱང་ཆུབ་སེམས་དཔའ། བྲག་དཀར་སྨན་བླ་བ། ཇོ་སྲས་དཀོན་མཆོག་གཞོན་ནུ། མགར་བཙུན་ཚུལ་སྟོན། མཁས་གྲུབ་ཆོས་དཔལ་བཟང་པོ། བླ་མ་སངས་རྒྱས་རིན་ཆེན། འགོས་ལོ་གཞོན་ནུ་དཔལ། རྗེ་ནམ་མཁའ་ཤེས་རབ། མངའ་རིས་རིག་འཛིན་ཉི་ཟླ་འོད་ཟེར། བླ་མ་ཨུ་རྒྱན་རྒྱལ་པོ། བླ་མ་པཎ་ཆེན་ཀུན་དགའ་བཀྲ་ཤིས། བླ་མ་རིན་ཆེན་རྒྱ་མཚོ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །ཡང་ལོ་ཆེན་བསོད་ནམས་རྒྱ་མཚོའི་ཡིག་ཆ་ནས་ཕྱི་སྒྲུབ་ཀྱི་རྗེས་གནང་བླ་མ་པཎ་ཆེན་ཀུན་དགའ་བཀྲ་ཤིས་ཀྱི་ཞབས་དྲུང་དུ་ཡང་ཞུས་སོ། །དེའི་ནང་སྒྲུབ་ཕལ་ཆེར་འདྲ་ཞིང་གཏོར་དབང་བཀའ་བསྒོ་བཅས་པའི་རྗེས་གནང་ཆག་ལོ་རིན་ཆེན་ཆོས་རྒྱལ་ལུགས་ཀྱི་རྗེས་གནང་ཡང་ཐོབ། དེ་ཐམས་ཅད་ལ་སློབ་དཔོན་དང་མདུན་བསྐྱེད་གཉིས་ཀའི་མངོན་རྟོགས་བརྗོད་པ་གནང་གི་འདུག ༈ །རྡོ་རྗེའི་རིགས་ཀྱི་ཕོ་ཉ་ཕོ་མོ་ལས་ཁྲོ་བོ་རྨེ་བ་བརྩེགས་པ་དུད་ཁ་ཞལ་གསུམ་ཕྱག་དྲུག་པ་དང་ཁྲོ་མོ་རྨེ་བརྩེགས་ཀྱི་རྗེས་གནང་