R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 305
[A:305]ཤེས་རབ་སེང་གེ །བླ་མ་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། བྲམ་ནམ་མཁའ་རྒྱལ་མཚན། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་བརྟན་པ། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན། སངས་རྒྱས། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། རྗེ་ས་ཆེན་མན་འདྲ། ༈ རྡོ་རྗེ་རྣམ་འཇོམས་ལྗང་སྔོན་བ་རི་ལུགས་ཀྱི་ཡིག་ཆ་འཕགས་པ་རིན་པོ་ཆེའི་སྒྲུབ་ཐབས་བུམ་ཆོག་རྗེས་གནང་བཀྲུ་བྱབས་བསྲུང་གསུམ་དང་བཅས་པའི་སྟེང་ནས་རྗེས་གནང་ལུང་ཚང་མ་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། རྗེ་ས་པཎ། འཕགས་པ་རིན་པོ་ཆེ། བླ་མ་བསོད་ནམས་དབང་ཕྱུག །བླ་མ་རིན་ཆེན་དཔལ། བླ་མ་བྱང་ཆུབ་གཞོན་ནུ༑ མཁན་ཆེན་བྱང་ཆུབ་སེང་གེ །ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྗེ་བཙུན་ངོར་ཆེན། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱ་འགྱུར་བ་བསོད་ནམས་སེང་གེ །རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ཞ་ལུ་པ།
བཛྲ་དྷཱ་ར། རྗེ་ཕྲིན་ལས་རྣམ་རྒྱལ། རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག །བྱམས་པ་བསོད་ནམས་བློ་གྲོས། མཚུངས་མེད་ཕུན་ཚོགས་རྣམ་རྒྱལ། མཁན་ཆེན་ཀུན་དགའ་དབང་རྒྱལ། མཁན་པོ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ངག་མིང་ལའོ། །
དེས་ཕྲིན་ལས་པར་གནང་ངོ༌། །ཡང༌། རྗེས་གནང་རྐྱང་པའི་བརྒྱུད་ལུགས་གཅིག་ནི། འཕགས་པ་རིན་པོ་ཆེ་ནས། འུ་ཡུག་པ་བསོད་ནམས་སེང་གེ །ཤཱཀྱ་སེང་གེ །བླ་མ་སྡིངས་པ་དབང་རྒྱལ། ས་བཟང་པཎ་ཆེན། རིན་པོ་ཆེ་རྒྱལ་དབང་པ། བླ་