R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 206
[A:206]བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། རྗེ་བཤེས་གཉེན་བཀྲ་ཤིས། དགེ་སློང་ངག་དབང་རྣམ་རྒྱལ་མན་འདྲའོ། །འདི་དག་གི་བརྒྱུད་ཡིག་རྒྱས་པ་ནི། མཁན་ཆེན་ཐམས་ཅད་མཁྱེན་པ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་གསན་ཡིག་ཆེན་པོར་གསལ། ༈ བྱ་རྒྱུད་པདྨའི་རིགས་ཀྱི་བདག་པོ་ཆོ་ག་ཞིབ་མོ་ནས་གསུངས་པའི་ཀུན་མཁྱེན་བུའི་དཀྱིལ་ཆོག་ཡིད་བཞིན་གྱི་ནོར་བུ་དང༌། བྱང་ཆུབ་ཕྲིན་ལས་པས་མཛད་པའི་ལྷན་ཐབས་ཀྱི་སྟེང་ནས། དོན་ཞགས་ལྷ་མངས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། སྤྱན་རས་གཟིགས། བླ་མ་ཨེ་ར་པ་ཏི། ལྷོ་ཕྱོགས་ཀྱི་རིགས་ངན་གྱི་རྣལ་འབྱོར་པ། རྡོ་རྗེ་གདན་པ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། དེས་བླ་མ་ལྷོ་པ། མཁན་པོ་ཐང་པ། སྣུབ་བན་དང་གསུམ་ལ་གནང༌། དེ་གསུམ་གྱིས་གྲུབ་ཐོབ་ཉི་ཕུག་པ་ལ། དེ་ནས་གྲང་པོ་ལུང་པ་གྲགས་པ་ཚུལ་ཁྲིམས། སློབ་དཔོན་ཚུལ་ཁྲིམས་གྲགས། མཁན་པོ་ཀུན་ར་བ་རྒྱལ་མཚན་མགོན། སློབ་དཔོན་བསོད་ནམས་སྒྲུབ། སློབ་དཔོན་ཀུན་དགའ་ཚུལ་ཁྲིམས། ཆོས་ལུང་མཁན་ཆེན་བསོད་ནམས་གྲགས་པ། ཀུན་མཁྱེན་བུ་རིན་པོ་ཆེ། སློབ་དཔོན་གཞོན་ནུ་འབུམ། སྐུ་མཚམས་པ་རིན་ཆེན་རྒྱལ་མཚན། ཆོས་རྗེ་བསོད་ནམས་འཕེལ། ཤར་ཆེན་ཡེ་ཤེས་རྒྱ་མཚོ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། འཇམ་དབྱངས་བཀྲ་ཤིས་རྒྱལ་མཚན། བླ་མ་དཔལ་ལྡན་ཆོས་བཟང༌། རྡོ་རྗེ་འཆང་རིན་ཆེན་རྒྱ་མཚོ། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེ་གཉིས་ཀ་ལ། དཀར་པོ་སློབ་དཔོན་ཀླུ་སྒྲུབ་རྒྱལ་མཚན། ཞ་ལུ་ཆེན་པོ་རིན་ཆེན་བཟང་པོ༑
རྗེ་མང་ཐོས་རྒྱ་མཚོ། བླ་མ་ཆོས་གྲགས་དར་རྒྱས། དགེ་སློང་ཀུན་དགའ་སྦྱིན་པ། ཆོས་རྗེ་ཀུན་བཟང་ཆོས་འཕེལ། བླ་མ་ཀུན་དགའ་ཆོས་དབང༌། མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ཤཱི་ལ་དྷྭ་ཛ་ལའོ། །ཡང་ན་ཀུན་བཟང་ཆོས་འཕེལ་ཡན་གོང་བཞིན། དེས་ཀུན་དགའ་དབང་རྒྱལ། བྱམས་པ་བསྟན་འཛིན་ཚུལ་ཁྲིམས། དེས་