R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 205
[A:205]རྡོ་རྗེ། ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་བ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། གཉན་སྟོན་གྲགས། གཉན་རིན་གྲགས། ལྷ་སའི་གནས་བརྟན་དཀོན་སེང༌། དེའི་སྲས་རྡོག་སྟོན་བྱའུ་རྒྱལ། བླ་མ་རྒྱལ་ཚ་ལུང་མང་པོ། བླ་ཆེན་རོང་པ་ཤེས་རབ་སེང་གེ །འཕགས་འོད་ཡོན་ཏན་རྒྱ་མཚོ། ཆོས་རྗེ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ཡབ་སྲས་གཉིས་ཀ་ལ་ཆོས་རྒྱལ་ནམ་མཁའི་མཚན་ཅན་གྱིས་གསན། དེ་ནས་བཀའ་བཞི་པ་རིན་ཆེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། སྐུ་ཞང་བསོད་ནམས་མཆོག་གྲུབ། བྱང་གླིང་བཀྲ་ཤིས་རྒྱལ་མཚན། ཐར་གླིང་འོག་པ་བསོད་ནམས་དཔལ་འབྱོར། རི་ཕུག་དབུ་མཛད་རིན་ཆེན་རྒྱ་མཚོ། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོ། རྩ་བའི་བླ་མ་ཞ་ལུའི་ཆེན་པོ་རིན་ཆེན་བཟང་པོ། དེས་བདག་ལ་གནང་བའོ། །ཡང་ན་བྱང་གླིང་བཀྲ་ཤིས་རྒྱལ་མཚན། མཚུངས་མེད་དཔལ་ལྡན་ཆོས་བཟང༌། མཁན་ཆེན་ནམ་མཁའ་ཆོས་ལྡན། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་རིན་ཆེན་བཟང་པོ། དེས་བདག་ལའོ།། ཡང་ན་བཀྲ་ཤིས་རྒྱལ་མཚན། དེ་ལ་དབང་ཕྱུག་རབ་བརྟན་གྱིས་ཚར་བརྒྱ་རྩ་གསན། དེ་ལ་གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོ། རྩ་བའི་བླ་མ་ཆེན་པོ་རིན་ཆེན་བཟང་པོ། དེས་བདག་ལའོ། །ཡང་ན་མཁྱེན་རབ་ཆོས་རྗེ་ནས། ཞ་ལུ་མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། གུང་པ་མགོན་པོ་རྒྱལ་མཚན། དགེ་སློང་ངག་དབང་རྣམ་རྒྱལ། མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན་མན་གོང་འདྲའོ། །ཡང་ན་བུ་སྟོན་ཐམས་ཅད་མཁྱེན་པ་ནས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཨ་མོ་གྷ། འཇམ་དབྱངས་བསོད་ནམས་རིན་ཆེན། ཆོས་ལུང་མཁན་ཆེན་དོན་ཡོད་རྒྱལ་མཚན། མཁན་ཆེན་ཀུན་དགའ་