R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༤༦༤
[A:༤༦༤]རལ་པའི་ཟུར་ཕུད་དོར་བའི་འཇམ་དཀར་ལྷ། །སྔོན་མེད་འཚམས་སྤྲིན་གསར་པའི་ཕང་པར་འགྱིང༌། །སྐྱོན་མང་ཁུང་བུར་ཐར་སྲོག་གཅོད་པའི་ལྕེ། །རྐྱོང་ལ་ཡིད་བྱུང་སྒོ་ངའི་སྦུབས་རྒྱ་ནས། །ཚངས་སྤྱོད་སྒྲོ་གཤོག་རྒྱས་པའི་ཁྱུང་ཆེན་བྱ། །གཏན་མདུན་མཁའ་ལ་འཕུར་བར་གཅིག་ཏུ་བྲེལ། །མར་གད་མཉེན་ལྕུགས་འཁྲི་ཤིང་མཛའ་ན་མོའི། །བདེ་སྐྱོང་འཁོར་ལོར་འཇུག་ལས་ཉེར་ལྡོག་པ། །གསང་ཆེན་བསྟན་སྲོག་གསོ་བའི་རྩི་སྨན་གྱི། །རིག་བྱེད་དྲན་པའི་ཚངས་པ་གསར་པ་བཞིན། །གསོལ་འདེབས་ལས། ཡང་ཡང་སྐྱེ་བར་རྗེས་སུ་བཟུང་བའི་རྗེ། །ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རིངས་པས། །ས་འཛིན་དབང་པོ་མཆོག་གི་ཕོ་བྲང་དུ། །བྱིན་རླབས་ལུང་བསྟན་མཛད་ལ་གསོལ་བ་འདེབས། །དེ་ནས་ཁའུ་བྲག་རྫོང་རྡོ་རྗེའི་སྤོར། །འདྲེན་པ་མཆོག་དེའི་ཞབས་རྡུལ་གུས་བསྟེན་ནས། །གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་ལམ། །མཐའ་དག་གསན་པར་མཛད་ལ་གསོལ་བ་འདེབས། །ཁྱད་པར་མཁས་གྲུབ་དབང་པོ་ས་སྐྱ་པའི། །གསུང་གི་གསང་བ་སློབ་བཤད་ཟབ་མོའི་བཅུད། །མ་ཚང་མེད་པ་ཆིག་བརྒྱུད་ཚུལ་དུ་གདམས། །གསང་ཆེན་བསྟན་པའི་བདག་པོར་གསོལ་བ་འདེབས། །ཞིང་སྐྱོང་དབང་པོའི་རྗེས་གནང་གནང་བའི་ཚེ། །མཁའ་དབྱིངས་དུང་ཆེན་གླིང་བུའི་སྒྲ་དབྱངས་དང༌། །ལྷན་ཅིག་ཚིག་གི་རང་སྒྲས་ཤིས་པ་བརྗོད། །བསྙེན་སྒྲུབ་མཚན་མ་གཟིགས་ལ་གསོལ་བ་འདེབས། །ཞེས་འོག་གདོན་གྱི་རྣམ་པས་ཞབས་ལ་དྲེག་གི་སྙུན་བྱུང་བར་སེལ་ཐབས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོར་ཞུས་པ་ན་དེང་སང་ཆོས་རྗེ་ཀུན་སྤངས་པ་