R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༤༤༨
[A:༤༤༨]རིས་རྣམས་རྒོད་པོ་རིན་ཅེན་ཧུ་ཤྲཱི་མི་བརྒྱུད་དང་བཅས་པ་ལ་འཇགས་སུ་ཆུག་གསུང་པའི་ལུང་བཟང་པོ་དང་བཅས་གནང༌། ཡར་ཕེབས་བླ་མ་སྐུ་མཆེད་པའི་ཞབས་ཏོག་སྡེ་པ་སྟག་ཚང་རྫོང་པའི་ཕྱིའི་དགྲ་བཞི་ལ་དམག་དཔོན་གྱི་བྱ་བ་གང་ལའང་སྡེ་པའི་མཚན་ཇུས་གཙོ་བོར་བཏོན་ནས། དཔོན་ས་ནས་ཀྱང་ཐག་རྟ་ནག་གི་གཉེར་ཁ་གནང༌། སྣ་དམར་རྫོང་བརྩིགས། ཤངས་པ་ནང་ལྟར་གྱི་བདེ་གཟར་འཕོ་འཕྱུགས་མང་ནའང་ཕྱི་ནང་སུས་ཀྱང་རྒོལ་བར་མ་ནུས་པས་རྒོད་པའི་སྙན་གྲགས་ཤིན་ཏུ་ཆེ་ཞིང་ཕོ་སྟག་ལོ་ལ་རྫོང་སྟག་སྣ་དོན་གྲུབ་རྩེ་བཟུང་སྟེ་དེའི་ཆར་གཏོགས་པའི་མངའ་ཞབས་བོད་འབྲོག་མང་དུ་ཆོད་ནས་ད་ལྟའི་བར་ལ་བརྟན་ཞིང་འཕེལ་བ་དང་བཅས་པ་ཡིན་ནོ། །དེ་ལ་ཡུམ་མི་གཅིག་པའི་སྲས་པོ་གསུམ་བྱུང་བའི་ཆེ་བ་རྟ་ནག་པ་དཔོན་པོ་ཤཱཀྱ་རིན་ཅེན། བར་བ་བྱང་ངམ་རིང་པ་རྒྱལ་བ་རིན་ཅེན། ཆུང་བ་སྐྱོར་མོ་བ་སོག་པོ་རིན་ཅེན་རྣམས་ཏེ། ཤཱཀྱ་རིན་ཅེན་པས་ཡབ་ཀྱི་གཉེར་ལས་ཀྱི་རྗེས་རྟ་ནག་བཟུང༌། དེ་ལ་སྲས་དུག་ཚེར་རིན་ཅེན་དང༌། ནམ་མཁའ་རིན་ཅེན། དགེ་སྦྱོང་དཀར་པོར་གྲགས་པ་རྣམས་སོ། །རྒྱལ་བ་རིན་ཅེན་པ་ལ་སྲས་རྣམ་རྒྱལ་རིན་ཅེན་པ་དང་དཔལ་ལྡན་རིན་ཅེན་བྱུང་བ་གཉིས་ཀ་ཡབ་ཀྱི་སྔོན་ལ་འདས་སོ། །སོག་པོ་རིན་ཅེན་པས་ལྷ་བུ་ཁོང་ལམ་རྫོང་གསར་བརྩིགས། སྲས་རྒྱལ་པོ་རིན་ཅེན་པ་དང་དགེ་སྦྱོང་བསོད་ནམས་རིན་ཅེན་པ། གྲགས་པ་རིན་ཅེན་པ་རྣམས་བྱུང་ངོ༌། ཁྲི་དཔོན་དཀོན་ཅོག་འོད་ཟེར་བ་སྐུ་མཆེད་ཕྱོགས་གཅིག་པའི་དུས་ཀྱི་སྲས་པོ་གཅིག་བྱུང་བ་དྲུང་ཆེན་གླང་པོ་རིན་ཅེན་པ། དེ་ཉིད་ཡབ་