R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༤༤༤
[A:༤༤༤]ཆེན་པ་ལ་ཕུལ་དེ་རྟིང་དཔོན་པོ་རྒོད་པོ་རིན་ཅེན་པ་འཁྲུངས་སོ། །དཔོན་ཆེན་རྒྱལ་བ་བཟང་པོ་པ་དེ་ཉིད་ཏི་ཤྲཱི་ཀུན་རྒྱལ་བའི་ཞབས་ལ་གཏུགས་གོང་ལ་ཕྱགས་ཕྱིར་བྱོན། བླ་མའི་སྐུ་དྲིན་དང་ཁྲིམས་ཀྱི་བྱ་བ་ལ་མཁས་པས་སྔོན་མ་དཔོན་ཆེན་ཤྲཱི་མིང་དང་དེ་རྟིང་དབུས་གཙང་དཔོན་ཆེན་སྔོན་མ་ཐོག་མར་ཕེབས་དུས་བན་རྒན་པས་ཞལ་ཏ་མཛད། ཇོ་མོར་བླ་མ་མུས་ཆེན་པའི་དཔོན་མོ་དང༌། དཔོན་མོ་ཇོ་མོ་རིམ་པར་བླངས་ནའང་སྲས་མ་བྱུང་བ་ཞལ་ཏ་མ་འབུམ་རྒྱན་བྱ་བ་ལ་སྲས་གྲགས་པ་རྒྱལ་མཚན་པ་བྱུང་ཞིང༌། རྟིང་མ་ཟུར་སྲས་དཔོན་པོ་ཧོར་ཚ་བ་བྱ་བ་ཞིག་ཀྱང་བྱུང༌། དཔོན་ཆེན་པས་དབོན་པོ་དཀོན་ཅོག་འོད་ཟེར་བྱང་ཁྲིད་དཔོན་ལ་བསྐོས། སྲས་པོ་གྲགས་པ་རྒྱལ་མཚན་པ་ས་སྐྱ་ནང་སོར་བཞག །དབུས་གཙང་སྡེ་ལ་བཀོད་ནས་དཔོན་པོ་དཀོན་ཅོག་རིན་ཆེན་ཕྱགས་ཕྱིར་ཁྲིད་ཡོངས་གོང་མ་མཆོད་ཡོན་གྱི་དྲུང་དུ་བྱོན་སྔ་རྟིང་དྲིལ་བས་ལོ་བཅོ་བརྒྱད་ཙམ་གོང་དུ་བཞུགས། སྭོན་ཇིང་དབེན་གྱི་རྩ་བའི་དཔོན་ཆེན་མི་ཤངས་ལེན་གསུམ་མཛད། ལུང་གུ་ཏ་ཧུའི་ཟོན་གནང༌། ཡར་འབྱོན་ཁར་ངའི་སྒྲ་བེར་ཁྱུང་གསུམ་གྱི་ཚོང་བ་བོད་ལ་ལོ་རེ་བཞིན་ཡོང་བའི་འབབ་སའི་གནས་གཞི་ཞིག་བརྩིག་དགོས་ཞུས་པས་གང་འོས་ཚོལ་གསུངས་པར་ཤངས་ནང་གཡེ་དམར་སྒང་བརྒྱུད་ནས་ས་ཆེ་བར་འདུག་པས་འདི་དགོས་ཞུས་པས་གྱེ་རེ་བབ་ལྷ་གདོང་ཡན། ཐག་མ་ངལ་གདོང༌། དང་ར་ཤིང་གཅིག་མན་གྱི་ས་ཆ། རྒྱལ་བ་བཟང་པོའི་རྟ་སྒ་འབོགས་ལ་བྱིན་ཞིང༌། དེ་ཁོངས་གང་འོས་སུ་གནས་གཞི་བརྩིག་ཏུ་ཆུག་གསུངས་པའི་ལུང་བཟང་པོ་གནང་བས་ཡར་ཕེབས་ནས་ཤངས་མཐོང་སྨོན་གྱི་ས་འདི་ན་ཆུ་